ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༢༢ འཁོར་བའི་དུས་དྲན་རྒྱས་པ་སྲུང་བརྩི་ཞུས་པ།

ཕྱི་ལོ་ ༢༠༡༡ ཟླ་བ་ ༡༢ ཚེས་ ༡༨ ཉིན་སུད་སི་ས་གནས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ནང་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་པས་༸བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༢༢ འཁོར་བའི་དུས་དྲན་རྒྱས་པ་སྲུང་བརྩི་ཞུས་ཡོད་པ་རེད། ཐོག་མར་རི་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་རྣམ་པས་དབུས་ཕྱི་ནང་སྐུ་མགྲོན་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་རིན་པོ་ཆེ་བདེན་འདྲེན་ཞུས་ནས་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ཟློས་ཚོགས་ནས་དབུ་འཁྲིད་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་གནང་མཛད་ཡོད། མཛད་གཙོ་རྣམས་ནས་སྐུ་པར་རིན་པོ་ཆེར་མཎྜལ་རྟེན་གསུམ་དང་མཇལ་དར་ཕུལ་བ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ངག་གཅད་གནང་བ་དང་།འདི་ལོའི་དུས་དྲན་འདི་ནམ་རྒྱུན་དང་མི་འདྲ་བའི་བོད་ནང་རང་རིགས་སྤུན་ཟླ་མང་པོ་ཞིག་འདས་གྲོངས་སུ་སོང་བས་རྐྱེན་གཞས་དང་ཞབས་བྲོའི་རིགས་མེད་པར་མྱ་ངན་དུ་མཚོན་བྱེད་ཡིན་པའི་སྐོར་མི་མང་ཚོགས་གཞོན་ནས་གསུང་བཤད་གནང་བ་དང་དེ་བཞིན་སུད་སི་སྐུ་ཚབ་དོན་ཁང་ཟླ་བ་ལགས་ནས་བཀའ་ཤག་གི་གསུང་འཕྲིན་ལྗགས་ཀློག་གནང་།མི་མང་གསར་འཕྲིན་འདྲ་རྒྱའི་ཚོགས་ཆུང་ནས་ཕྱི་ལོ་ ༡༩༨༩ ལོར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ནོ་བྷེལ་མཛད་སྒོའི་སྐབས་གནང་པས་གློག་བརྙན་དང་བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་དྲན་གསོའི་དམིགས་བཀར་གླུ་དབྱངས་གཞིས་ལུས་སྤུན་ཟླ་ཞེས་པའི་གློག་བརྙན་ཞིག་གཟིགས་འབུལ་ཞུས།རི་ཀོན་མཁན་རིན་པོ་ཆེ་མཆོག་དང་ཡོ་རབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་དུས་དྲན་དང་འབྲེལ་བའི་གསུང་འཕྲིན་ལྗགས་ཀློག་གནང་། སྐུ་ཚབ་དོན་གཅོད་ཚེ་བརྟན་ལགས་དང་མཛད་གཙོ་རྣམས་ནས་རིམ་བཞིན་གསུང་བཤད་གནང་པ་དང་། ལུ་ཛན་ནས་འཇི་ནིའི་ཝ་དང་འཛུ་རིག་ནས་འཇི་ནིའི་ཝའི་བར་གྱི་གོམ་འགྲོས་པ་ཁག་ཞིག་ལ་མི་མང་ནས་ཐུགས་རྗེ་ལེགས་འབུལ་མཇལ་དར་གནང་། སྐར་མ་ཨེམ་ཅི་ལགས་ཀྱི་༼ཤ་བག་ལེབ་༽ ཞེས་པས་གསུང་གཞས་དང་དེ་བཞིན་མི་མང་ཟློས་གར་ནས་གསུང་གཞས་ཁག་དང་འོས་འསྡུའི་ཚོགས་མི་གསར་འདེམས་གནང་པས་རྗེས་མཛད་སྒོ་བཀྲིས་ལོ་ལེགས་ངང་འཇུག་སྒྲིལ་བྱུང་ཡོད།
འདྲ་པར་་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 7 སྡོམས་རོགས།