དཔལ་ལྡན་སྲིད་སྐྱོང་སྐུ་ངོ་བློ་བཟང་སེང་གེ་མཆོག་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་བོད་ཡིག་སློབ་གྲྭའི་སྐད་ཡིག་འགྲན་སྡུར་གྱི་ཚོགས་ཆེན་ནང་ཆིབས་བསྒྱུར་གནང་།

ཁེ་སང་ཕྱི་ཟླ་ ༠༡ ཚེས་ ༢༠ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་བོད་ཡིག་སློབ་གྲའི་སྐད་ཡིག་འགྲན་སྡུར་ཐེངས་ལྔ་པ་འདི་བཞིན་སྔ་དྲོའི་ཚོུད་༠༩།༠༠ ནས་དབུ་འཛུགས་ཀྱིས་གྲ་སྒྲིག་ཚོགས་ཆུང་ནས་སློབ་གྲྭ་ཁག་སོ་སོར་བཞུགས་ཡུལ་ལོགས་སུ་གྲ་སྒྲིག་དང་སྦྲགས་ཐོག་མར་ཡིག་གཟུགས་དང་བོད་ཀྱི་རིགས་གཞུང་དང་འབྲེལ་བའི་རི་མོ་འགྲན་སྡུར་དབུ་འཛུགས་གནང་།  དེའི་རྗེས་དྲི་ཙད་དང་ཀློག་རྩད་འགྲན་སྡུར་དེ་བཞིན་སྙན་ཚིག་གྱེར་འདོན་དང་གཏམ་བརྗོད་འགྲན་སྡུར་བཅས་འགྲན་སྡུར་ཁག་ཟུར་དཔང་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་ས་གནས་སྐུ་ཚབ་དོན་གཅོད། ཕྱོགས་བཞུགས་སྤྱི་འཐུས་དེ་བཞིན་ས་གནས་བོད་རིགས་མི་མང་གི་ཚོགས་གཙོ་སྦྲེལ་པོ་དང་བོད་ཡིག་སློབ་གྲྭའི་སྤྱི་ཁྱབས་འགན་འཛིན་བཅས་ཀྱི་དབུ་བཞུགས་ཐོག་འགྲན་སྡུར་ཁག་ཧ་ཅང་ཡག་པོ་བྱུང་ཡོད་པ་དང་། སློབ་ཕྲུག་རྣམས་ནས་འགྲན་སྡུར་ཁག་གི་ནང་རིག་པ་རྩེ་གཅིག་ཏུ་སྒྲིམ་ནས་ཆ་ཤས་ཚོར་བ་ཆེན་པོའི་ངང་ལེན་སོང་།
འགྲན་སྡུར་ཁག་ཆ་ཚང་གྲུབ་རྗེས་ཕྱི་དྲོའི་ཚོུད་ ༠༧ ཐོག་སྐད་ཡིག་འགྲན་སྡུར་གྱི་ལས་རིམ་ཁག་ཆ་ཚང་གྲུབ་རྗེས་བོད་ཡིག་སློབ་གྲྭའི་སློབ་ཕྲུག་དང་དགེ་ལས་རྣམ་པ་དེ་བཞིན་ཕ་མ་རྣམ་པ་ཚོགས་ཁང་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གི་བཀའ་སློབ་ཆེད་ལྷིང་བཞུགས་དང་།  རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་ས་གནས་སྐུ་ཚབ་དོན་གཅོད་མཆོག་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བྱམས་པ་ཚེ་རིང་མཆོག་དེ་བཞིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་སྦྲེལ་པོ་དང་བོད་ཡིག་སློབ་གྲྭའི་སྤྱི་ཁྱབས་འགན་འཛིན་བཅས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ཚོགས་ཁང་ནང་གདན་ཞུ་དང་སྦྲགས་མང་ཚོགས་ལྷན་མཇལ་འཕྲད་གནང་། སློབ་ཕྲུག་དང་ཕ་མ་རྣམས་ལ་ནན་ཏན་ཐོག་བོད་མིའི་ངོ་བོ་སྲུང་སྐྱོབས་བྱེད་དགོས་ཐོག་བཀའ་སློབ་གཟབ་རྒྱས་གནང་རྗེས་ས་གནས་བོད་སློབ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གཞས་སྣ་གཟིགས་འབུལ་ཞུས་པ་དང་།  ཐེངས་འདིའི་བོད་ཡིག་སློབ་གྲྭའི་འགྲན་སྡུར་གྱི་རྩེ་ཐོན་ཨང་དང་པོ་གཉིས་པ་གསུམ་པ་བཅས་ལ་བྱ་དགའ་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཕྱག་ནས་གནང་རྒྱུའི་ལས་རིམ་ཆ་ཚང་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ཚོགས་ཁང་ནས་ཕྱིར་ཐོན་གནང་བ་དང་། མང་ཚོགས་ནས་དགའ་དགའ་སྤྲོ་སྤྲོའི་ངང་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཕེབས་སྐྱེལ་ཞུས།
དེའི་རྗེས་སློབ་མ་རྣམས་ལ་བྱ་དགའ་ཕུལ་རྒྱུ་དང་བོད་སློབ་སྤྱི་ཁྱབས་འགན་འཛིན་ནས་ཐེངས་འདིའི་གོ་སྒྲིག་ཚོགས་ཆུང་དང་བོད་སློབ་ཁག་དེ་བཞིན་ཟུར་དཔང་དང་ཕ་མ་དགེ་ལས་ལྷན་ཚོགས་བཅས་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་བོད་ཡིག་སློབ་གྲྭའི་སྐད་འགྲན་སྡུར་ཐེངས་ ༠༥ ཚོགས་ཆེན་འདི་བཞིན་རྒྱལ་ཁའི་ངང་མཇུག་སྒྲིལ་ཞུས།།
གསར་འགོད་པ།བཀྲ་ཤིས་རྣམ་རྒྱལ།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 7 སྡོམས་རོགས།