དཔལ་ལྡན་མཁས་དབང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སུད་སིར་ཕེབས་འབྱོར་བདེ་བར་བྱུང་བ།

༄༅། །ཕྱི་ལོ་ ༢༠༡༣ ཟླ་བ ༤ ཚེས་ ༡༠ དགོང་དྲོའི་ཆུ་ཚོད་ ༨ ཡོལ་ཙམ་ལ་སྲིད་སྐྱོང་མཆོག་འཛུ་རིག་གནམ་ཐང་དུ་ཕེབས་འབྱོར་བདེ་བར་བྱུང་ཡོད་པ་དང་། ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་ ཡོ་རོབ་སྤྱི་འཐུས་སྐུ་ཞབས་དབང་ཆེན་ལགས་ ཡོ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་ རང་གཞུང་དོན་ཁང་སྐུ་ཚབ་ སྤྱི་ཟུར་རྣམ་པ་ སུད་སི་དང་ལེཀ་ཌེན་སྤྲ་ཡན་བོད་རིགས་མི་མང་གི་ཚོགས་གཙོ་མཆོག་དང་ ས་གནས་འཐུས་མི་ ཡོ་རོོབ་བོད་རིགས་གཞོན་ནུ་དང་ བུ་མེད་ སུད་བོད་མཐུན་གྲོགས་ཚོགས་པ་ ཆོལ་གསུམ་དང་སུད་སི་མི་མང་ཟློས་གར་ནས་གྲོ་སོ་ཕྱེ་མར་དང་བཀྲིས་ཀྱི་ཚིགས་སུ་བཅད་པས་གླུ་གཞས་ཕུལ་ནས་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་རྗེས། སྲིད་སྐྱོང་མཆོག་གནམ་ཐང་ནས་འཛུ་རིག་ཧ་ཡ་ཊིམགྲོན་ཁང་དུ་ཕེབས་བསུ་སྣེ་ལེན་ཞུས།མགྲོན་ཁང་མདུན་མི་མང་གི་ཚོགས་གཞོན་དང་མི་མང་ ༦༠༠ ལྷག་ནས་ལག་ཏུ་མེ་ཏོག་དང་མཇལ་དར་བཅས་མཉམ་འཁྱེར་གྱི་ཕེབས་སྒུག་ཞུས་བཞིན་ཐོག་ཆོལ་གསུམ་ཐུན་མོང་ནསགྲོ་སོ་ཕྱེ་མར་དང་རྒྱལ་གཞས་ལ་སོགས་པས་རྔ་འཆམ་དང་རོལ་མོ་སྣ་ཚོགས་ཀྱི་སྲིད་སྐྱོང་མཆོག་ལ་དགའ་བསུ་ཆེན་པོས་ཕེབས་བསུ་ཞུས་ཡོད་པ་རེད།

༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ ཟླ་བ་ ༤ ཚེས་ ༡༤ ཉིན་རྒྱབ་ཚོུད་ ༤ པའི་ཐོག་ས་གནས་ཕིརི་བྷུག་ཏུ་གསུང་ཆོས་ཀྱི་ཉིན་ཐ་མར་མི་མང་ལ་བླང་དོར་གྱི་བཀའ་སློབ་བཀྲིན་ཆེ་རྒྱུ་དང་དེ་རྗེས་སྲིད་སྐྱོང་མཆོག་ནས་བཀའ་སློབ་གནང་གཏན་འཁེལ་ཡོད་འདུག།སྲིད་སྐྱོང་མཆོག་ཕྱི་ཚེས་ ༢༢ ཉིན་འཛུ་རིག་གནམ་ཐང་རྒྱུད་རྒྱ་གར་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག།། །། ཚོགས་ཁང་བསྟན་བློ།

Photos

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 8 སྡོམས་རོགས།