སུད་སི་མངའ་སྡེ་ཤཱཧྥ་ཧའོ་སེན་ལ་ས་གནས་ཚོགས་ཆུང་བཙུགས་ཏེ་འཐུས་མི་འོས་འདེམས་ཀྱི་བྱེད་སྒོ་ལེགས་བསྒྲུབས་ཟིན་པ།

༢༠༡༤ ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་འདི་ག་ཤཱཧྥ་ཧའོ་སེན་ལ་ས་གནས་འཐུས་མི་འདེམས་བསྐོའི་ཆེད་ས་གནས་འོས་བསྡུ་ལས་ཁང་ནས་འོས་བསྡུའི་འགན་འཛིན་ཤེས་རབ་རྒྱ་མཚོ་ལགས་དང་། ཟུར་དཔང་དུ་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་གཉིས་ངོ་ཕེབས་ཐོག་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་མཉམ་དུ་ཉིན་དེ་རང་ལ་ལེགས་བསྒྲུབས་ཟིན་པ་དང་།  སྔོན་འགྲོའི་འོས་གཞི་ལ་མི་བདུན་འདེམས་ཐོན་བྱུང་བ་དང་། དེའི་ནང་ནས་འོས་གྲངས་རྒྱ་ཆ་མཐོ་ཤོས་གསུམ་དངོས་གཞིའི་འོས་བསྡུའི་ནང་ཞུགས་པ་ནས་འཐུས་མི་གཅིག་འདེམས་དགོས་པར་སོང་འོས་གྲངས་ ༣༡ དང་ ༡༠ དང་ བཅས་བྱུང་བའི་ཐོག་ནས་བློ་བཟང་ལེགས་བཤད་ལགས་ས་གནས་ཀྱི་འཐུས་མིར་འདེམས་ཐོན་བྱུང་ཡོད།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 5 སྡོམས་རོགས།