ཅེག་ཕྱི་སྲིད་བློན་ཆེན་ནས་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་ནང་གི་གནས་སྟངས་ལ་སེམས་འཚབ་་བཏོན་ཡོད།

འཇི་ནི་ཝར་འཚོག་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚཽགས་འདུའི་ཐོག་ཅེག་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ལྕོགས་ནས་བོད་ནང་གི་ད་ཡོད་གནས་སྟངས་ལ་སེམས་འཚབ་ཆེན་པོ་བཏོན་ཡོད།སྐུ་ཞབས་ཀེ་རལ་ཤི་ཝ་ཛན་བག་གིས།  ང་ཚོའི་བློ་འཚབ་ཆེན་པོའི་ངང་རྒྱ་ནག་ནང་ཡོད་པའི་བོད་ཀྱི་ས་ཁུལ་ཁག་ནང་རང་ལུས་མེར་བསྲེག་བསྟུད་མར་རྐྱེན་པས་མུ་མཐུད་གནས་སྟངས་ཛ་དྲག་དང་དངངས་འཚབ་ཇེ་ཆེར་འགྲོ་བཞིན་ཡོད་པ་དེར་བརྗེ་དེད་བྱེད་ཀྱི་ཡོད།   དེ་སྔོན་ལོར་མི་གྲངས་་༢༢་་ནས་ཡིད་སྐྱོའི་ལས་འགུལ་སྤེལ་བ་དེ་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་རྨོངས་སད་དང་ངོ་ཚོའི་དོ་སྣང་ཡོང་ཕྱིར་ཡིན།  ཞེས་གསུངས།  ༢༠༡༢་་་ཟླ་་་༢་་ཚེས་་་༢༩་་ཉིན་གྱི་གཏམ་བཤད་དེ་ཅེག་ཕྱི་སྲིད་བློན་ཆེན་ནས་འཇི་ན་ཝར་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་་་༡༩་་ནང་གནང་ཡོད།ཁོང་ནས་བོད་ནང་གི་རང་ལུས་མེར་སྲེག་གི་གནད་དོན་གླེང་ཡོད་པ་དང་།  ཕྱི་ལོ་་་༢༠༠༩་་ནས་བཟུང་བོད་མི་གྲངས་་༢༣་་རང་ལུས་མེར་སྲེག་ཕུལ་ཡོད་པའི་ཁོངས་ནས་ཡིད་སྐྱོ་བ་ཞིག་ལ་མི་གྲངས་་་༡༥་་་རང་ལུས་མེར་བསྲེག་གི་རྐྱེན་ཏེ་འདས་གྲོངས་སོང་ཡོད།   ༢༠༡༢   ཟླ  ༡ ་པོའི་ནང་མི་གྲངས་་་༡༠་་ནས་རང་ལུས་མེར་བསྲེག་བཏང་ཡོད།  ཕྱི་ལོ་  ༢༠༡༡  ཟླ  ༡༢  ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཅེག་རྒྱལ་ས་པ་རེག་དུ་ཆིབས་བསྒྱུར་སྐབས་ཕྱི་སྲིད་བློན་ཆེན་ནས་མགྲོན་ཁང་ནང་མཇལ་འཕྲད་གནང་ཡོད།  སུད་སི་དོན་ཁང་ནས་  ༢༠༡༢་་ཟླ་་༢་་ཚེས་་༢་་ཉིན་ཅེག་ཕྱི་སྲིད་བློན་ཆེན་མཚན་ཐོག་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་གྱི་ཡོད་པའི་སྐོར་འབོད་བསྐུལ་ཞུ་ཡིག་ཞིག་ཕུལ་ཡོད་པ་མ་ཟད།  འཇི་ནི་ཝར་ཡོད་པའི་ཅེག་གཞུང་ཚབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་ཡོད་ལས་བྱེད་དང་ཐུག་འཕྲད་བྱས་ཡོད།ཕྱི་སྲིད་བློན་མཆཽག་ལ་ཞུ་ཡིག་ཕུལ་བའི་ནང་རྒྱལ་སྤྱི་ཚཽགས་སྡེ་ཁག་ནས་བོད་ནང་ཡོད་པའི་བོད་རིགས་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་རེ་བའི་བརྡ་ལན་ཤུགས་ཆེན་པོ་ཞིག་སྤྲོད་དགོས་ཞེས་བཀོད་ཡོད།  དེ་བཞིན་ཕྱི་སྲིད་བློན་ཆེན་མཆོག་ནས་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་བོད་མི་རིགས་ཀྱི་དངོས་ཡོད་དཀའ་ངལ་སེལ་རྒྱུར་ནན་བསྐུལ་གནང་རོགས་ཞེས་འབོད་བསྐུལ་ཞུས་ཡོད།  དེ་བཞིན་ཞུ་ཡིག་ནང་མུ་མཐུད་་་༼ ཡོང་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ནང་བོད་ནང་གི་གནས་སྟངས་ཐོག་བློ་འཚབ་དང་གླེང་སློང་གནང་སྐྱོང་བ༽་ཞེས་འབོད་བསྐུལ་ཞུས་ཡོད།མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཐེངས་་་༡༩་་མ་ཚོགས་པའི་སྔོན་དུ་དོན་གཅོད་ལས་ཁུངས་ནས་ཕྱི་རྒྱལ་གཞུང་ཚབ་ཁག་་༢༠་་ཙམ་ལ་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་འགྲེལ་བཤད་དང་རྒྱབ་སྐྱོར་འབོད་བསྐུལ་ཞུས་ཡོད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 4 སྡོམས་རོགས།