གནོད་ཐེབས་མི་མང་གིས་སེམས་མི་ཕམ་པར་འབད་བརྩོན་གནང་དགོས།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༤ཚེས་༢༩ཉིན། ཟླ་འདིའི་ཕྱི་ཚེས་༢༩ཉིན། ཉི་ཧོང་ནང་༣པའི་༡༡ཉིན་གྱི་གོད་ཆག་བྱུང་ནས་ཞག་པོ་༤༩ལོན་པར་གྷོ་ཁོ་ཁོའུ་ཇེ་ལྷ་ཁང་དུ་༧གོང་ས་མཆོག་གིས་བསྔོ་སྨོན་ཆུ་ཚོད་གཅིག་རིང་མཛད་ཡོད་འདུགཁ་སང་ཕྱི་ཚེས་༢༨ཉིན། ཟླ་སྔོན་མར་ཉི་ཧོང་ནང་འབྱུང་བའི་གནོད་འཚེ་ཡ་ང་བ་བྱུང་ཏེ་མི་མང་གྲངས་ལས་འདས་པར་གནོད་འཚེ་ཐེབས་པར་སྨོན་ལམ་ཚོགས་ཡོད་པ་མ་ཟད། མགོན་པོ་གང་གིས་ཁྱེད་ཚོ་སེམས་ཕམ་དང་རེ་བ་བརླག་དགོས་དོན་གང་ཡང་ཡོད་པ་མ་རེད། ཡིད་ཆེས་ཆེན་པོས་མུ་མཐུད་ནས་འབད་བརྩོན་གནང་དགོས་པ་རེད་ཅེས་དང༌།ཡང་ཁོང་གིས། ཉི་ཧོང་ནང་རང་བྱུང་གོད་ཆག་བྱུང་རྗེས་ངོས་རང་འདི་རུ་སླེབས་པ་ཐོག་མ་དེ་ཡིན་ལ། ངས་ཁྱེད་རང་ཚོ་དཀའ་ལས་འཕྲད་སྐབས་སྒྲུབ་ཐུབ་པ་དེ་སྨོན་ལམ་རྒྱག་པ་དང་སེམས་གསོ་བྱེད་རྒྱུ་དེ་རང་རེད། ས་ཡོམ་ནི་རང་བྱུང་གི་གནོད་འཚེ་ལས་བྱུང་བ་ཞིག་རེད། ཡིན་ནའང༌། གློག་ཁང་གི་གནོད་འཚེ་དེ་མི་ཡིས་བཟོས་པ་ཞིག་ཡིན་པས་ཐེངས་འདིར་མི་མང་གི་སེམས་ཁོང་དུ་སྡུག་བསྔལ་དང་ཁོང་ཁྲོ་བསླངས་ཡོད་པ་རེད། ཡིན་ནའང༌། ཚང་མས་མུ་མཐུད་དེ་འབོད་བརྩོན་ཆེན་པོས་མ་འོངས་པ་ལ་ཁ་ཕྱོགས་དགོས་པ་རེད་ཅེས་བཀའ་སློབ་གནང་ཡོད་འདུག དེ་རིང་སྔ་དྲོར། རང་བྱུང་གི་གནོད་འཚེའི་ཁྲོད་མི་གྲངས་༢༥༠༠༠ལྷག་འདས་གྲོངས་དང་གར་སོང་ཆ་མེད་དུ་གྱུར་ཏེ་ཞག་པོ་བཞི་བཅུ་ཞེ་དགུ་ལོན་པར། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོ་ཁོའུ་ཡི་ ནང་རྟེན་གཞི་བྱས་ཡོད་པའི་གྷོ་ཁོ་ཁོའུ་ཇེ་ལྷ་ཁང་དུ་བོད་རིགས་དགེ་འདུན་པ་དང་ཉི་ཧོང་གི་དགེ་འདུན་པ་བཅས་ལྷན་བཞུགས་ཀྱིས་ཆུ་ཚོད་གཅིག་ཙམ་ལ་བསྔོ་སྨོན་མཛད་ཡོད་པ་རེད། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 3 སྡོམས་རོགས།