ཁྱིམ་ཚང་ལྔ་ཡིས་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༣༩ པ་སྤེལ་པ།

ཁྱིམ་ཚང་བཞི་ཡིས་རྒྱལ་ཚོགས་མདུན་དུ་སྤེལ་བཞིན་པའི་བོད་དོན་ཞུ་གཏུག་གི་ལས་འགུལ་ནང་། ཨོ་སི་ཊི་རེ་ཡར་གནས་སྡོད་ཡེ་ཤེས་ལྷ་མོ་མཉམ་ཞུགས་ཀྱིས་སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་སྤེལ་བཞིན་པའི་ལས་འགུལ་ནང་དངོས་སུ་མཉམ་ཞུགས་བྱེད་ཐུབ་ཀྱི་མེད་ཀྱང་།  ཉིན་གཅིག་དུས་གཅིག་གིས་ས་གནས་སུ་གསར་འགོད་གསལ་བསྒྲགས་སོགས་འགྲེམས་སྤེལ་གྱིས་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་འདུག རྒྱལ་ཚོགས་མདུན་བོད་དོན་ཞུ་གཏུག་གི་ལས་འགུལ་འདི་ནི་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༢ ཚེས་ ༡༠ ནས་ཁྱིམ་ཚང་གཉིས་ཀྱིས་དབུ་བཙུགས་ཤིང་། རིམ་གྱིས་བཀྲ་བསྟན་ཚང་པ་སངས་ལགས་དང་། ངག་དབང་ཚང་ངག་དབང་དཔལ་ལྡན། རྒྱལ་བསྟན་ཚང་བཀྲ་ཤིས་ལྷ་མོ། ཨོ་སི་ཊི་རེ་ཡར་གནས་སྡོད་ཡེ་ཤེས་ལྷ་མོ་བཅས་མཉམ་ཞུགས་ཀྱིས་ད་ཆར་ཁྱིམ་ཚང་ལྔ་ཡི་ལས་འགུལ་དུ་གྱུར་ཡོད་འདུག  ལས་འགུལ་འདི་བཞིན་སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དང་། 
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་མདུན་ཐང་བཅས་སུ་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་གྲངས་དང་མཉམ་པའི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། བོད་ནང་གི་དཀའ་སྡུག་གི་གནས་བབ་འཁོད་པའི་ཡིག་ཆ་ཁག་འགྲེམས་སྤེལ་དང་། སྐུ་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་པར་འགྲེམས་འཇོག   རང་ལུས་མེར་བསྲེགས་གནང་དགོས་པའི་རྒྱབ་ལྗོངས་འགྲེལ་བརྗོད་དང་།  འབོད་སྒྲའམ་དགོས་འདུན་འཁོད་པའི་ཡིག་ཆ་ཁག་དང་འཕྲེད་དར།  སྐུ་ལུས་མེར་བསྲེགས་གནང་བའི་ཐད་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་ག་རེ་ཡིན་པའི་སྐོར་དང་།  བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དང་ཆོས་ལུགས་དད་མོས་རང་དབང་གི་སྙན་ཐོ།  གསར་འགོད་གསལ་བསྒྲགས།  དེ་བཞིན་༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བསྩལ་བའི་བཀའ་སློབ་ཡིག་ཆ་སོགས་རྒྱ་ཡིག  ཨིན་ཡིག་དང་ཧྥ་རན་ཆི་(FRENCH)བཅས་ཀྱི་ནང་། ཕྱི་རྒྱལ་མི་རིགས་དང་རྒྱལ་ཚོགས་ཀྱི་ལས་བྱེད།  ལྷག་དོན་རྒྱ་རིགས་ཡུལ་སྐོར་བ་མང་པོར་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་དང་།  ཐེངས་རེ་རེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལས་ཁུངས་གཉིས་ལ་སླར་ཡང་དོན་ཚན་བརྒྱད་ཅན་གྱི་དགོས་འདུན་སྙན་ཞུ་དང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་བཏོན་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཟླ་རེའི་སྙན་ཐོ་སོགས་ཕུལ་ཡོད་འདུག

ཐེངས་འདིར་ཡུལ་སྐོར་བ་ཚོར་གསར་འགོད་གསལ་བསྒྲགས་ཀྱི་ཡིག་ཆ་དྲུག་བརྒྱ་མ་ཟིན་ཙམ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བཏོན་པའི་བོད་མེ་ལ་འབར་དོན་ཅི་ཞེས་པའི་དེབ་བཅུ་ཡས་མས་ཤིག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་སོགས་གང་འཚམས་འགྲེམས་སྤེལ་བྱས་པར་ཡིག་ཆ་འདི་གཉིས་ལ་དོ་སྣང་བྱེད་མཁན་མང་པོ་ཡོད་འདུག   གཞན་ཡང་ཉེ་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སུད་སིད་ཆིབས་སྒྱུར་སྐབས།  སྔོན་འཆར་ལྟར་བོད་ཀྱི་རྒྱལ་དར་ཆེ་ཆུང་༡༥༠ དང་མེ་ཏོག་གི་ཆུན་པོ་ ༢༨། འཕྲེད་དར་ལྔ་ཡི་ངོས་སུ་༧གོང་ས་མཆོག་ལ་བརྟན་བཞུགས་དང་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་བྲིས་འཕྱར་གྱིས་ཕེབས་བསུའི་རྣམ་པ་མ་འདྲ་བའི་ལས་འགུལ་སྤེལ་ཡོད་འདུག

ད་དུང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༣ ཚེས་༩ ཉིན་གསུམ་བཅུའི་དུས་དྲན་ཐེངས་ ༥༦ དང་སྟབས་བསྟུན།  སུད་སིའི་ནང་གི་ཡུ་རོབ་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁག་༤༡ ལ་བོད་ནང་གི་ཛ་དྲག་གི་གནས་བབ་དང་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཀྱི་སྡུག་བསྔལ་དང་མངོན་འདོད་སོགས་དྲིལ་བསྒྲགས་ཀྱི་ལམ་ནས་ཞུ་གཏུག་གི་ལས་འགུལ་ཀྱང་སྤེལ་ཡོད་པ་རེད།  ཙ་ཡུལ་ཕུན་ཚོགས། 

འབྲེལ་གཏུག་བྱ་ཡུལ།༡ ལས་འགུལ་བའི་ཁྱིམ་མིང་དང་མིང་།  ཞལ་པར་ཨང་།༢ བཀྲ་བསྟན་ཚང་པ་སངས།  ༠༧༦༦༢༠༡༠༥༡༣ ངག་དབང་ཚང་ངག་དབང་དཔལ་ལྡན། ༠༧༦༥༣༤༨༠༩༡༤ རྒྱལ་ཚང་བཀྲ་ཤིས་ལྷ་མོ།  ༠༧༦༤༥༤༥༤༠༩༥ སྟག་ཚང་ཆོས་སྒྲོན། ༠༧༦༣༠༢༨༠༡༢༦ སྟག་ཚང་དཀོན་ཅོག ༠༧༦༤༧༧༤༡༦༢༧ ཡེ་ཤེས་ལྷ་མོ།  ༠༤༡༠༢༢༣༥༥༨

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 1 སྡོམས་རོགས།