ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ཉེར་གསུམ་ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

དེ་རིང་སྤྱི་ཟླ་༤ཚེས་༢༥ཉིན་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༣ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པ་ལྟར། དེ་རིང་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་དང་། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག སུད་སིའི་གྲོང་ཁྱེར་ཛོ་རིག་ནང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ཉེར་གསུམ་ལ་ཕེབས་པའི་འཁྲུངས་སྲུང་བརྩིའི་མཛད་སྒོ་ཞིག་གོ་སྒྲིག་གནང་ཡོད། དེ་རིང་སྤྱི་ཟླ་༤ཚེས་༢༥ཉིན་གྱི་དགུང་དྲོའི་ཆུ་ཚོད་༧ཐོག་རི་ཀོང་མཁན་རིན་པོ་མཆོག་གིས་གཙོས་པའི་སུད་སི་ས་གནས་མི་མང་བརྒྱ་ཕྲག་ཁ་ཤས་མཉམ་འཛོམས་ཐོག་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་སྲུང་རྩིའི་མཛད་སྒོ་དབུ་འཛུགས་གནང་ཡོད། ཡོ་རོབ་གཞོན་ནུའི་མཐུན་ཚོགས་ཀྱི་ལས་འགུལ་གོ་སྒྲིག་པ་ཚེ་རིང་ལགས་ཀྱི་མཛད་སྒོ་དབུ་འཛུགས་དང་འབྲེལ་བའི་གཏམ་བཤད་ནང་མཛད་སྒོ་ངོ་སྤྲོད་མདོར་བསྡུས་ཤིག་གནང་བའི་ནང་། དེ་རིང་ནི་ང་ཚོས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ཉེར་གསུམ་ལ་ཕེབས་པའི་འཁྲུངས་སྐར་ཡིན་པ་ལྟར། དེ་རིང་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་དང་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་འཁྲུངས་སྐར་འདི་ཉིད་སྲུང་བརྩི་བྱེད་ཀྱིན་ཡོད་། མཛད་སྒོ་འདི་ཉིད་སྲུང་བརྩི་བྱ་དགོས་དོན་ནི་ཡོ་རོབ་ཁག་གི་ཕྱི་རྒྱལ་མི་མང་རྣམས་ལ་པཎ་ཆེན་རིན་པོ་མཆོག་གི་སྐོར་ངོ་སྤྲོད་བྱེད་ཐབས་དང་། མི་ལོ་༡༧རིང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་རྒྱ་གཞུང་གིས་བཙོན་དུ་བཅུག་ཏེ་གར་ཡོད་གནས་ཚུལ་ཧ་མ་གོ་བའི་གནས་སྟངས་སོགས་ལ་རྗེས་དྲན་བྱ་ཆེད་ཡིན། ཞེས་ཟེར། དེ་འབྲེལ་བོད་ཀྱི་མི་རབ་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་ཤིག་གནང་བའི་ནང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གི་སྐུ་ཚེ་གང་བོར་བོད་བསྟན་པ་དང་ཆབ་སྲིད་གྱི་ཆེད་དུ་མཛད་རྗེས་བརྒྱ་ཕྲག་མང་པོ་ཡོད་པའི་ནང་གལ་ཆེ་ཤོས་ནི་སྐབས་དེའི་རྒྱ་ནག་གི་སྲིད་བློན་ཀྲོའི་ཨུན་ལེ་བརྒྱུད་མོ་ཙི་ཏོང་ལ་རྒྱ་དམག་བོད་ལ་སླེབས་རྗེས་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་དང་ཆོས་དང་རིག་གཞུང་ལ་དམ་དྲག སྒོས་སུ་རིག་གནས་གསར་བརྗེའི་སྐབས་བོད་ཀྱི་རྩ་ཆེའི་ཁོར་ཡུག་དང་རིག་གནས་གཏོར་བཅོམ། བོད་པ་མི་མང་རྣམས་ཀྱི་དཀའ་སྡུག་གི་ལོ་རྒྱུས་གསལ་བརྗོད་བྱས་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་བར་རྐྱེན་བྱས་ཏེ། པཎ་ཆེན་རིན་པོ་མཆོག་མི་ལོ་དགུ་དང་ཟླ་བརྒྱད་ལ་རྒྱ་གཞུང་གི་ཁྲིམས་མུན་བཙོན་ཏུ་བཞུགས་དགོས་བྱུང་པ་དང་། བཙོན་གྲོལ་ཐོབ་རྗེས་མཛད་དཀའ་ཁྲི་ཕྲག་མང་པོ་བརྒྱུད་བོད་ཀྱི་རིག་གནས་བསྐྱར་གསོ་དང་སྐད་ཡིག་རྒྱུད་འཛིན་ཕྱོགས་ལ་རླབས་ཆེའི་མཛད་རྗེས་བཞག་ཡོད་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 9 སྡོམས་རོགས།