ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་སུམ་ཅུར་ཕེབས་པའི་འཁྲུངས་སྐར།

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་སུམ་ཅུར་ཕེབས་པའི་འཁྲུངས་སྐར་སྐབས། སྤྱི་ལོ་༢༠༡༩ཟླ་༤ཚེས་༢༥ ཉིན་སུད་སི་བོད་ཀྱི་བུད་མེད་ཚོགས་པ་དང་སུད་སི་བོད་ཀྱི་གཞོན་ནུ་ལྷན་ཚོགས་མཉམ་འཛོམས་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་ ༣༠ འཁོར་བའི་འཁྲུངས་སྐར་གྱི་ཉིན་སུད་སི་ས་གནས་ཛུ་རིག་རྒྱ་མི་གཞུང་ཚབ་མདུན་དུ་བོད་ཀྱི་བླ་ཆེན་གཉིས་པ་ཀུན་གཟིགས་པན་ཆེན་སྐུ་འཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་གང་དུ་ཡོད་མེད་དང་ཀློད་བཀྲོལ་གཏོང་དགོས་པའི་ཞི་བའི་སྐད་འབོད་དང་རེ་བསྐུལ་སྙན་ཞུ་ལྗགས་ཀློག་བཅས་གནང་བ་ཙམ་མ་ཡིན་པར་ཁོང་ཉིད་ཀྱི་འཁྲུངས་སྐར་ཆེད་འཚམས་འདྲིས་ཕྱག་བྲིས་སོགས་རྒྱ་ནག་གཞུང་ཚབ་བརྒྱུད་འབུལ་བ་གནང་བ་དེ་ལྟར་གང་ཉིད་ལ་འཕྲོད་པའི་རེ་བ་ཡོད་བཅས་གསུངས་པ་དང་སྦྲགས་སེམས་ཤུགས་ཆེན་པོའེ་ངང་མཛད་སྒོ་སྐྱོང་གནང་མཛད་སོང་།། གསར་འགོད་ ཨར་ཡ་ ཉི་མས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 2 སྡོམས་རོགས།