༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་རི་ཀོན་ཆོས་འཁོར་དགོན་དུ་༧ཞབས་སོར་བཀྲིན་ཆེ་བ།

དེ་ཡང་༸དྭགས་བརྒྱུད་བསྟན་པའི་རྒྱ་མཚོའི་གཙུག་རྒྱན་ཀ་བརྒྱུད་བསྟན་པའི་སྲོག་ཤིང་། ༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་སྐུ་འཁོར་སུད་སི་ས་གནས་འཇི་ནི་ཝ་དང་།  ལའོ་སན།  སྦརན་ཁུལ་གྱི་མཛད་འཕྲིན་ལེགས་ཟིན་གྱིས་ཛུས་རིཀ་ཁུལ་༸ཞབས་སོར་བཀྲིན་བསྐྱངས་པ་དང་།  ད་རིང་ཉིན་རྒྱབ་རི་ཀོན་ཆོས་འཁོར་དགོན་དུ་ཞབས་སོར་བཀྲིན་ཆེ་བ་ལྟར་མཁན་རིན་པོ་ཆེས་དབུས་དགེ་འདུན་རྣམ་པ།  རྒྱུན་ལས་དང་འབྲེལ་ཡོད་སྦྱིན་བདག་རྣམ་པ།  ཕྱོགས་བཞུགས་ཡུ་རོབ་བོད་མི་མང་སྤྱི་འཐུས་སྤྱི་ཟུར་རྣམ་པ།  སུད་སི་སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་དང་།  སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཞོན་བླ་རྙིང་པདྨ་ལགས།

འཛམ་གླིང་རྒྱལ་སྤྱིའི་སྔ་འགྱུར་རྙིང་མ་རིག་འཛིན་འདུས་སྡེ་ཆོས་ཚོགས་ཀྱི་དབུ་བླ་ནམ་མཁའ་རིན་པོ་ཆེ་མཆོག  གཞན་ཡང་བོད་རིགས་མི་མང་གསུམ་བརྒྱ་བརྒལ་བའི་ཕེབས་བསུ་གཟབ་རྒྱས་དང་བཅས་ཞབས་སོར་བཀྲིན་ཆེ་བ་དང་།  ཐོག་མར་ཞབས་ཐང་ཐོག་དགོན་པར་གླིང་བསྐོར་དང་བཅས་མི་མང་རྣམས་ལ་མཇལ་ཁ་གནང་།  དེ་ནས་དགོན་པར་༧ཞབས་སོར་བཀྲིན་ཆེ་སྐབས་གནས་གཟིགས་གནང་བསྟུན་འབྲེལ་ཡོད་མཛད་གཙོ་རྣམ་པས་མཎྜལ་འདེགས་འབུལ་མཛད།  ཞལ་འདོན་དང་གསོལ་ཇ་བཞེས་འབྲས་འདེགས་འབུལ་ཞུས།  མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་ནས་གུས་བསུའི་འཚམས་འདྲི་དང་བཅས་མཛད་རིམ་སྙན་སྒྲོན་ཞུས།  བོད་རིགས་མི་མང་ཚོགས་གཞོན་བླ་རྙིང་པདྨ་ལགས་ནས་ས་གནས་མི་མང་གི་གནས་སྟངས་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད།  དགོན་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་འབུམ་རམས་པ་ཀརྨ་བློ་བཟང་ལགས་ནས་དགོན་པའི་བྱུང་རིམ་གནས་སྟངས་གཟབ་རྒྱས་སྙན་སེང་ཞུས་རྗེས།  

དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་ནས་བཀའ་སློབ་ཕེབས་དོན།  ཐེངས་དང་པོ་དགོན་པ་འདིར་ཞབས་སོར་འཁོད་ཐུབ་པ་མ་ཟད།  སུད་སི་ཙམ་མ་ཡིན་པར་ཡུ་རོབ་ནང་བོད་རིགས་འབྱོར་སྔ་ཤོས་ཡིན་པ་དང་།  རིག་གཞུང་དང་འབྲེལ་བའི་བོད་ཀྱི་དགོན་པ་ཡང་ཆེས་སྔ་ཤོས་གྲས་ཡིན་པ་བཅས་དགྱེས་འཚོར་དང་ཚང་མར་འཚམས་འདྲི་ཡོད་གསུངས།  ངོས་རང་བོད་ནས་ཡོང་དོན་གཙོ་བོ་སློབ་གཉེར་དང་བཅས་འདོད་དོན་གྲུབ་ཐབས་ཡིན་ནའང།  ད་བར་འདི་ཁུལ་ཡོང་ཐུབ་མེད།  ཨ་རི་ཁུལ་ཐེངས་གསུམ་དང་།  ཡུ་རོབ་ཁུལ་ཐེངས་གཉིས་འབྱོར་ཐུབ་ཡོད།  ད་རེས་སུད་སིར་བདེ་འབྱོར་ཐུབ་པ་རྒྱུན་རིང་ནས་ཡོང་འདོད་ཡོད་པ་བཅས་ཧ་ཅང་དགའ་པོ་བྱུང།  དགོན་པ་འདི་ཆོས་རིག་དར་རྒྱས་བྱུང་ཐབས་མི་རབས་རྒན་གཞོན་བར་གསུམ་ཚང་མར་གལ་འགངས་ཆེན་པོ་ཡིན།  དེ་ཙམ་ཡིན།  གནས་ཚུལ་ཕྲན་བུའི་མ་བཞག་ན་ད་དུང་དུས་སྐབས་འགའ་ཤས་ཡོད་པ་རེད་ཚང་མར་འཚམས་འདྲི་ཡོད་སོགས་གསུངས་བས་གནས་ཚུལ་སྙིང་བསྡུས་སུ།  གསར་འགོད་པ་སྒོ་སྤེ་ཡོན་རྒྱས།

 འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 1 སྡོམས་རོགས།