༢༠༡༡ ལོའི་ཟླ་བ་ ༨ ཚེས་ ༡༣ ཉིན་སུད་སིར་དཔལ་དུས་འཁོར་གྱི་དབང་ཆེན་གནང་བ་དྲན་གསོ་བྱེད་པ་།

༄༅། ༢༠༡༡ ལོའི་ ཟླ་བ་ ༨ ཚེས་ ༡༣ ཉིན་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་རི་ཀོན་ཆོས་འཁོར་མགོན་དུ་སུད་སིར་དཔལ་དུས་འཁོར་གྱི་དབང་ཆེན་གནང་བ་དྲན་གསོ་དང་ལྷག་པར་དུ་སྤྱི་ཟླ་ ༨ ཚེས་༨ ལ་རང་གཞུང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དངོས་སུ་བོད་གཞིས་བྱེས་གཉིས་ཀྱི་ཆབ་སྲིད་ཀྱི་ལས་ཁུར་གཏམ་བཞེས་འབུལ་པ་དང་མ་འོང་བར་བོད་གཞིས་བྱེས་གཉིས་ཀྱི་བདེན་མཐར་སེལ་བར་བྱེད་པ་། ལ་ལུང་ཕྱོགས་རེས་དང་ཆོས་ལུགས་རེས་མེད་།༸གོང་ས་ཆེནཔོའི་ཕུར་བྱུང་གིས་ཆོས་སྲིད་གཉིས་ཀྱི་ལུགས་ལ་བསམ་གཞུགས། གངས་ཅན་པ་ཡོངས་ཀྱི་སྲིད་འཛིན་ཕུར་བྱུང་ཅན་ཞིག་ཡོང་རྒྱུར་བོད་ཕྱི་ནང་གཉིས་གར་གནས་པའི་བོད་པ་ཚོས་མགྲིན་དབྱངས་གཅིག་ཏུ་སོ་སོའི་གནས་ཡུལ་དུ་ལྷ་སྲོང་ཡིད་དམ་མཁའ་མགྲོ་ཆོས་སྐྱོངས་སོགས་ལ། འཕྲིན་ལས་དར་ཞིང་བོད་པའི་འདོད་དོན་མྱུར་དུ་འགྲུབ་པས་་རེ་བ་བཅོལ་ནས་བསང་གསོལ་བྱས། སོང་ཙང་ང་ཚོ་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ས་གནས་སྒྲིག་འཛུགས་ནས་སུད་སིར་བཞུགས་པའི་བོད་པ་ཡོད་དོ་ཅོག་གི་ཚབ་བྱས་ནས་ཁྱེད་སྲིད་འཛིན་མཆོགལ་བྱ་བ་ལམ་འགྲོ་དང་བོད་པ་ཚང་མས་བསམ་དོན་སྒྲུབ་པས་སྨོན་ལམ་དང་རྒྱབ་སྐྱོར་གཙང་མ་ཡོད་པས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 2 སྡོམས་རོགས།