༄།སུད་སི་རི་ཀོན་ཆོས་འཁོར་དགོན་དུ་ལྷ་བབས་དུས་ཆེན་མཆོད་འབུལ།

༢༠༡༥ཕྱི་ཟླ་ ༡༡ཚེས༣བོད་༩ཚེས་ ༢༢རེས་གཟའ་མིག་དམར་ཉིན།རི་ཀོན་ཆོས་འཁོར་དགོན་དུ་མཁན་བླ་དགེ་འདུན་རྣམ་པ།མཛད་གཙོ་དང་བོད་རིགས་མི་མང་གང་མང་ལྷན་འཛོམས་ཐོག   བླ་མཆོད་ཚོགས་འཁོར་བསྙེན་བཀུར་གཟབ་རྒྱས་དང་བཅས་ལྷ་བབས་དུས་ཆེན་སྲུང་བརྩི་དང་༧གོང་ས་མཆོག་གི་དབུས་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་མཛད་འཕྲིན་རྒྱས་པ།  བསྟན་སྲིད་དར་རྒྱས་ངང་བོད་དོན་བདེན་མཐའ་མྱུར་དུ་གསལ་བ་དང་།  མཆོད་འབུལ་སྦྱིན་བདག་ཚེ་འདས་ལས་ལུང་ཚྭ་བ་བསོད་ནམས་ལགས་ཀྱི་ནང་མི་རྣམས་ཀྱི་འདི་ཕྱི་ལེགས་ཚོགས་ལྷུན་གྱིས་འགྲུབ་བའི་བསྔོ་སྨོན།  རི་ཀོན་མཁན་རིན་པོ་ཐུབ་བསྟན་ལེགས་སྨོན་ལགས་ཀྱིས་དུས་ཆེན་ངོ་སྤྲོད་དང་འབྲེལ།ནང་ཆོས་ཀྱི་སྙིང་པོ་བྱམས་སྙིང་རྗེ་གཞན་ཕན་གྱི་ཉམས་ལེན་དང་།  ཕ་མ་རྒན་རབས་རྣམས་ཀྱི་བཀྲིན་བསམ་ཤེས་ཀྱི་ཡ་རབས་བཟང་སྤྱོད་ལྡན་པའི་སྟོན་པའི་རྗེས་འཇུག་རྣལ་མ་ཞིག་གནང་རྒྱུའི་འབད་རྩོལ་གནང་རོགས་ཞེས་དགེ་སྐུལ་དང་བཅས་དུས་ཆེན་ལ་དགེ་སྦྱོར་གང་ལེགས་བྱུང་བའི་གནས་བསྡུས་སུ།  གསར་འགོད་པར་པ་རྒྱལ་མཚན་ཆོས་གྲགས་ནས།།

Photos

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 4 སྡོམས་རོགས།