༄༅དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་བཞུགས་མོལ་ཚོགས་འདུ།

སྤྱི་ལོ་༢༠༡༨ལོའི་སྤྱི་༧་ཕྱི་ཚེས་༥ཉིན་ཙོ་རུག་ས་གནས་སུ་བོད་མི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་ཡོ་རོབ་སྤྱི་མཐུས་ཟམ་མདོ་བྱམས་པ་ལགས།སྐུ་ངོ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོགམི་མང་ཚོགས་གཙོ་ཚོགས་གཞོན་དང་ས་གནས་ཁག་གི་མཐུས་མི་རྣམ་པ་བཅས་ཚོགས་འདུ་ཐོག་ཕེབས་ཡོད་པ་རེད། ཐོག་མ་དེ་ལ་མི་མང་ཚོགས་གཙོ་མཆོག་ནས་ཚོགས་འདུ་འགོ་མཛུགས་གནང་ཐོག་ཚོགས་བཅར་བ་ཡོངས་ནས་ཆོས་རིག་བཀའ་བློན་མཆོག་ལ་རང་ཉིད་ངོ་སྤྲོད་མདོར་བསྡུས་གནང་བ་དང་། མི་མང་ཚོགས་གཙོ་ནས་བཀའ་བློན་མཆོག་ལ་ལས་དོན་སྙན་སེང་མདོར་བསྡུས་ཞུས་པ་དང་དེ་ནས་གནས་ཡུལ་རྒྱལ་ཁབ་སུད་སིའི་བོད་རིགས་གྲངས་འབོར་བདུན་སྟོང་ལྷག་ཙམ་ཡོད་པ་དང་བོད་དོན་ལས་འགུལ་ཁགདེ་བཞིན་མ་ཧ་གུ་རུ་འབུམ་ཚོགས་ལ་སོགས་པའི་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་ལ་སོགས་གང་མཚམས་ཚགས་ཚུབ་ཡོང་ཡོད་པ་དང་།མ་འོངས་པར་ཡང་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་ཆེད་དཔལ་འབྱོར་མཁོ་སྒྲུབ་བྱེད་མཆར་ཡོད་པའི་སྙན་སེང་ཞུས།

དོན་གཅོད་མཆོག་ནས་ཆོས་རིག་བཀའ་བློན་མཆོག་གི་སུད་སུ་དང་ཨོ་སི་ཁྲོ་རི་ཡ།དེ་བཞིན་དབྱིན་ལན་ལ་ཕྱོགས་བསྐྱོད་ཐད་ཀྱི་ལས་རིམ་ཁག་ངོ་སྤྲོད་བྱས་པ་དང་།ས་གནས་Flawil་འགན་འཛིན་དང་བཀའ་བློན་གཉིས་མཇད་འཕྲལ་གནང་ནས་བོད་དོན་སྐོར་བཀའ་མོལ་གནང་སྐོར་དང་། དེ་ནས་ཕྱི་ཚེས་༩་ཉིན་གྲོང་ཁྱེར་ཇུ་ནི་ཝ་དང་ཉིན་གཅིག་རྗེས་ཇར་མི་ནི་དེ་བཞིན་ཕྱི་ཚེས་༡༡་ཉིན་དབྱིན་ལན་དུ་སྐོར་བསྐྱོད་གནང་རྒྱུའི་མཛད་རིམ་ཁག་ངོ་སྤྲོད་གནང་།དོན་བཅོད་ནས་སུད་བོད་མཉམ་འབྲེལ་ཚོགས་པ་དང་འཛམ་གླིང་ནང་གྲངས་ཉུང་མི་རིགས་ལ་རྒྱལ་སྐྱོར་ཚོགས་པ་སོགས་དང་མཉམ་འབྲེལ་ངང་རྒྱལ་སྤྱིའི་སྟེང་བོད་དོན་ཞུ་གཏུགས་ཀྱི་ལས་དོན་སྣ་ཚོགས་གནང་ཡོད་པ་བཀའ་བློན་ལ་སྙན་སེང་ཞུས།

ཆོས་རིག་བཀའ་བློན་མཆོག་ནས་གསུང་དོན་ལ་བཀའ་ཤག་ནས་ས་ཕྱོགས་གང་སར་གནས་བའི་བོད་རིགས་མི་མང་དང་ལས་བྱེད་རྣམས་ལ་བཀའ་བློན་ཁག་ནས་ཐུགས་འཕྲད་བྱེད་རྒྱུའི་ལམ་སྟོན་ཡོད་པ་དང་།དེ་བཞིན་སུད་སི་ནི་མི་འབོར་མང་པོ་དང་དེ་བཞིན་དུས་རྒྱུན་དུ་ལས་འགུལ་མང་པོ་སྤེལ་གྱིན་ཡོད་པར་བརྟེན་ནས། སྒྲིག་འཛུགས་དང་བཀའ་ཤག་ནས་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་པ་རེད། འདས་དང་མ་འོངས་པ་ལས་ད་ལྟའི་དུས་ཚོད་གལ་ཆེན་པོ་དང་ད་ལྟའི་གནས་སྟངས་ལ་བསྐྱར་ཞིབ་བྱས་སྟེ་མ་འོངས་འཆར་གཞི་ཇུས་འགོད་བྱེད་དགོས་པ། དེ་ནས་ཆབ་སྲིད་ཀྱི་གནས་དོན་ཐོག་ནས་རྒྱལ་སྤྱིའི་སྟེང་རྒྱབ་སྐྱོར་མུ་མཐུད་འཚོལ་དགོས་པ་དང་། བོད་མི་ཆབ་སྲིད་ཀྱི་སྐྱབས་བཅོལ་ཆགས་དགོས་པ་ནི་བོད་ནང་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་།ནང་ཆོས་སྲུང་སྐྱོབ་བྱེད་མ་ཐུབ་པས་ཡིན་པ་དང་།སྒྲིག་འཛུགས་སྲ་བརྟན་ཡོང་ཆེད་རྡ་སར་ཁང་བ་གསར་རྒྱག་དང་དེ་བཞིན་ཤེས་ལྡན་མི་སྣ་སྐོང་འཚོགས་གནང་ཐབས་འབད་བརྩོན་བྱེད་བཞིན་ཡོད་པ་དང་།དེ་ནས་སྤྱི་མཐུན་བསོད་ནམས་བསགས་དགོས་པ་གལ་ཆེ་པོ་ཡིན་པ།ལྔ་དང་ལྔ་ཅུའི་སྐོར་འགྲེལ་བཤད་མདོར་བསྡུས།ཨང་གྲངས་ལྔའི་མཚོན་དོན་ནི་ད་ལྟའི་བཀའ་ཤག་གི་དུས་ཡུན་ལོ་ལྔའི་ནང་དང་ཡང་ན་གོང་ས་མཆོག་མཚོ་བཞུགས་རིང་ཛ་དྲག་གི་སྒོ་ནས་གནང་དགོས་བའི་ལས་དོན་ཁག་ཅིག་དང་དེ་ནས་ལྔ་ཅུ་ནི་གལ་ཏེ་དུས་ཡུན་ཐུང་ཐུང་ནང་བོད་དོན་བདེན་མཐའ་མ་སེལ་ན་ལོ་ལྔ་ཅུ་ནང་སེལ་ཐབས་དང་།སྡུག་ས་ནས་བཤད་ན་མི་རབས་ནས་མི་རབས་བར་བོད་དོན་རྡོག་ཁྲེས་བཞིན་མི་རབས་རྗེས་མར་རྩིས་སྤྲོད་བྱེད་དགོས་པའི་ལམ་སྟོན་ཡིན་པ་དང་།མཐར་མཐུས་མི་ཁག་ནས་དྲི་བ་ཁག་ཅིག་གནང་བ་དང་བཀའ་བློན་མཆོག་གིས་གསལ་འདེབས་གནང་ཐོག་ཚོགས་འདུ་མཇུག་སྒྲིལ་གནང་སོང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 6 སྡོམས་རོགས།