འགྲོ་བ་མིའི་ཐོབ་ཐང་ཉིན་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ལས་འགུལ་སྦེལ་བ།

ཕྱི་ལོ་༢༠༢༠ ཟླ་༡༢ པའི་ཕྱི་ཚེས་༡༠ རེས་བཟའ་ཕུར་བུ་ཉིན་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་སུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ཞུ་གཏུག་དང་ངོ་རྒོལ་སྐད་འབོད་ལས་འགུལ་སྤེལ་གནང་སོང། སུད་སི་འཕྲོད་བསྟེན་ལྷན་ཁང་གི་ཏོག་དབྱིབས་ནད་ཡམས་ཀྱི་སྒྲིག་ཁྲིམས་དང་ལམ་སྟོན། དེ་བཞིན་ད་ལྟའི་ཏོག་དབྱིབས་ནད་ཡམས་ཀྱི་ཛ་དྲག་གནས་སྟངས་ལ་སྐྱར་ཞིབ་ཞུས་རྗེས། ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེ་བཞིན་མཛད་གཙོ་རྣམ་པ་དང་བོད་རིགས་མི་མང་གི་འཐུས་མི་རྣམ་པས་གནངས།

ཕྱག་ཚོད་ ༡༢།༡༥ ཐོག་ལྷན་རྒྱས་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་བོད་ཀྱི་རྒྱལ་གླུ་བཏང་རྗེས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་སྐར་གཅིག་རིང་ངག་བཅད་མྱ་ངན་ཞུས། སུད་སི་བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་མཆོག་ནས་ལས་འགུལ་ལ་མཉམ་ཞུགས་གནང་མཁན་སྐུ་ངོ་དོན་གཅོད་འཆི་མེད་རིག་འཛིན་མཆོག་དང་ཡོ་རོབ་ས་གནས་སྤྱི་མཐུས་སྐུ་ངོ་རྣམ་གཉིས་གཙོས་ཚང་མར་འཚམས་འདྲི་གནང་། ཏོག་དབྱིབས་ནད་ཡམས་ལ་མ་མཛེམ་པར་མཉམ་ཞུགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་གནང་ཞུས་བ་དང་། སྐད་འབོད་ མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་མཆཽག་ལ་འབུལ་རྒྱུའི་ཞུ་གཏུག་ཕྱག་བྲིས་དེ་ལྗག་ཀློག་གནང། དེ་ནས་དབྱིན་དྲུང་མཆོག་ནས་དབྱིན་སྐད་ཐོག་གསར་འགོད་གསལ་བསྒྲགས་ལྗག་ཀློག་གནང།

སྐུ་ངོ་དོན་གཅོད་འཆི་མེད་རིག་འཛིན་མཆོག་སྐུ་ངོ་སྤྱི་འཐུས་རྣམས་པ་གཉིས་མཉམ་འབྲེལ་རྒྱལ་ཚོགས་སུ་འབུལ་རྒྱུའི་སྙན་ཞུས་བཀློག་ཚར་རྗེས་སུ་སུད་བོད་མཐུན་གྲོགས་ཚོགས་པའི་སྐུ་ཚབ་དང་ སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཟུར་པ་སྐུ་ཞབས་ རེ་ནེ་ལོང་གྷེཊི་མཆོག་ ཡུ་རོབ་བོད་ཀྱི་གཞོན་ནུའི་ཚོགས་གཙོ་གཞི་སྲས་ཚང་བཀྲ་ཤིས་ ས་གནས་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཞོན་ལྕམ་སྐུ་འབྱོར་ལྡན་ཁང་གསར་ནོར་འཛོམས་མཆོག་བཅས་ནས་གསུང་བཤད་གནང་སོང་།

སྐད་འབོད་ཤུགས་ཆེ་གནང་སོང་ལ་གོང་གི་གཏམ་བཤད་དག་ཞིབ་ཕྲ་གསར་འཕྲིན་དྲ་རྒྱའི་བརྙན་ནང་འཇུག་བྱས་ཡོད། ཕྱག་ཚོད་ ༡༥།༠༥ ཐོག་བདེན་ཚིགས་སྨོན་ལམ་དབྱངས་འདོན་རྗེས་ལས་འགུལ་མཇུག་སྒྲིལ་གནང་སོང།

གསར་འགོད་པ་ཝང་དཀར་ཚེ་རིང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 7 སྡོམས་རོགས།