༄༅།_།ཕྱི་ལོ་2016ཟླ་བ་6ཚེས་10ཉིན་སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་ལས་འགུལ་ཆ་བགོས་ལྟར་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བ།

དེ་རིང་ཞོགས་པ་ཆུ་ཚོད་༡༡ཐོག་འགྲོ་བ་མི་ཡི་ཐོབ་ཐང་ལས་ཁུངས་མདུན་དུ་མངའ་སྡེ་ཇི་ནི་ཝ་དང་ལའུ་ས་ནེ་དེ་བཞིན་སྦེན་བཅས་གསུམ་གྱི་མི་མང་༧༠ལྷག་ལྷན་འཛོམས་གནང་།  དེ་རྗེས་ཇི་ནི་ཝ་འཐུས་མི་མཚོ་སྐྱིད་ལགས་དང་ལའུ་ས་ནེ་འཐུས་མི་བསྟན་འཛིན་ལྷ་མོའི་འཐུས་ཚབ་སྦེན་འཐུས་མི་དཔལ་ལྡན་ནས་གསལ་བཤད་དང་ལས་འགུལ་སྐོར་འགྲེལ་བརྗོད་ཞུས་མཚམས་མི་མང་ནས་སྐད་འབོད་དབུ་འཛུགས་གནང་།  དེ་ཡང་འདི་ལྟར།  བོད་ལ་གྲོས་མོལ་དགོས། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས།

བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་སོགས་ཀྱི་སྐད་འབོད་གནང་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་སུ་གོམ་འགྲོས་གནང་སྐབས་མི་སྣ་གསུམ་ནས་ཡིག་ཆ་འགྲེམས་སྤེལ་གནང།

ཆུ་ཚོད་༡༢དང་སྐར་མ་༡༣ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་འབྱོར་བ་དང་ཐོག་མར་བསྔོ་བ་སྨོན་ལམ་དང་༸རྒྱལ་བའི་ཞབས་བརྟན་སྒྲོལ་མ་བདེན་ཚིག་སྨོན་ལམ་ཚར་གསུམ་རེ་འདོན་ནས་མུ་མཐུད་དེ་གོང་བཞིན་སྐད་འབོད་གནང་།  ཆུ་ཚོད་༡༣་༣༠ནས་༡༤་༢༠བར་གུང་ཚིགས་བར་སེང་གནང་།  
དེ་ནས་སླར་ཡང་གོང་གི་བརྗོད་ཚིག་ལ་གཞི་བྱས་ནས་ཆུ་ཚོད་༡༥་༣༠བར་སྐད་འབོད་གནང་བཞིན་མི་སྣ་ཁ་ཤས་ནས་ཡིག་ཆ་འགྲེམས་སྤེལ་མུ་མཐུད་གནང་སྟེ་ལས་འགུལ་མཇུག་སྡོམ་གནང་བ་བཅས་སོ།།    ཡིག་འགོད་པ་དཔལ་ཁང་དཔལ་ལྡན།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 3 སྡོམས་རོགས།