༄༅།རི་ཀོན་ས་གནས་རང་བདེན་ཚོགས་ཆུང་གི་འཐུས་མི་གསར་རྙིང་དབར་གྱི་རྩིས་སྤྲོད་རྩིས་ལེན་གྱི་ཚོགས་འདུ།

ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༩ རེས་གཟའ་ཉི་མ།  ཉིན་རྒྱབ་ཚོུད་ ༡༣་༣༠  ཐོག་ས་འཐུས་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་ནས་ཚང་མར་གུས་བཏུད་དང་འཚམས་འདྲི་ཞུ་རྒྱུ་དང་། འདས་པའི་ལོ་ངོ་བཞི་དང་ཕྱེད་ཙམ་ཞིག་ལས་འཁུར་ཞུས་པའི་ཉིན་མཐའ་མ་ཞིག་ཡིན།  ལོ་ངོ་བཞི་དང་ཕྱེད་ཙམ་རིང་ལ་རང་ནུས་གང་འཇོན་གྱིས་སྤྱི་པའི་ལས་དོན།  བོད་ཀྱི་བསྟན་པ་ཆབ་སྲིད་ལ་དམིགས་པས་ཞབས་འདེགས་ཞུ་བའི་གོ་སྐབས་བཟང་པོ་བྱུང་བ་མ་ཟད།  ལས་དོན་གང་འདྲ་ཞིག་སྤེལ་ཀྱང་ཡག་པོ་དང་ཚགས་ཚུགས་བརྒྱ་ཆ་བརྒྱ་ཡོང་བཞིན་འདུག  ང་ཚོ་སྐབས་ ༡༥ པའི་རྒྱུན་ལས་རྣམས་ལོ་ངོ་བཞི་དང་ཕྱེད་ཙམ་རིང་མཉམ་གཤིབས་ཀྱིས།  ལས་དོན་གང་འདྲ་ཞིག་སྤེལ་རུང་ལྷག་བསམ་རྣམ་དག་སྐུ་ངལ་འཛེམས་མེད།  ལས་དོན་མཐའ་དག་ལ་འཕྱར་གྲུ་མཉམས་འདེགས་ཀྱིས་འགན་བཞེས་ཡོད་པ་དེས།  འཐུས་མི་རྣམས་ཆིག་སྒྲིལ་ཡོད་པ་གསལ་པོ་བྱུང་།

ས་གནས་ཚོགས་ཆུང་གི་མི་མང་རྣམས་པས་ཐོག་མར་སྐབས་ ༡༤ དང་༡༥ པའི་ས་འཐུས་རྒྱུན་ལས་རྣམས་པར་ཡིད་ཆེས་བློ་གཏོད་ཀྱིས་རེ་བ་བསྐྱོན་པ་དང་།   ང་ཚོ་འཐུས་མི་ངོས་ནས་ཀྱང་མི་མང་གི་འདོད་བློ་ལྟར་ཤར་སྐྱོད་བྱས་ཡོད་པས།  མི་མང་རྣམས་ཐུགས་སྤྲོ་སྣང་ཡོད་པའི་རེ་བ་བྱེད་བཞིན་ཡོད།  སྐབས་ ༡༦ པའི་ས་འཐུས་བརྡ་སྐྱེལ་ལྷག་པ་ཚེ་རིང་ལགས་ཀྱིས་གཙོས་པའི་རྒྱུན་ལས་རྣམས་ལ་འཚམས་འདྲི་དང་།  འབྱུང་གྱུར་ལོ་གསུམ་གྱི་ནང་སྤྱི་པའི་ལས་དོན་བསྒྲུབ་སྐབས་བགེགས་དང་བར་ཆད་མེད་པ།  ལས་དོན་མཐའ་དག་བསམ་དོན་བཞིན་འགྲུབ་པ།  གཉིས་སྨན་དབུ་མའི་ལམ་གྱི་ཐོག་བོད་ཀྱི་བདེན་མཐའ་གསལ་བར་ཆིག་སྒྲིལ་དང་།  མཐའ་མ་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་ཡོངས་རྫོགས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་བཅས་གནས་རི་ཀོན་ས་འཐུས་ཟུར་པ་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་ནས་དཚེས་ ༣༠ ཉིན་བཟང་པོར་ཕུལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 8 སྡོམས་རོགས།