ཨོ་སི་ཊོ་ལི་ཡའི་གཞུང་ཚབ་མཆོག་གིས་བོད་དུ་འགྲོ་རྒྱུུའི་རྒྱ་གཞུང་ལ་ཆོག་མཆན་ཞུས་པ།

༢༠༡༢ ཟླ་ ༣ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་ཨོ་སི་ཊོ་ལི་ཡའི་གཞུང་ཚབ་མཆོག་གིས་བོད་ནང་བོད་མི་ཚོས་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་གཏོང་བཞིན་ཡོད་པའི་འགག་རྩའི་གནད་དོན་ག་པར་ཐུག་ཡོད་མེད་རྟོགས་ཞིབ་ཆེད་རང་ཉིད་དངོས་སུ་བོད་དུ་འགྲོ་ཆེད་རྒྱ་གཞུང་ལ་ཆོག་མཆན་ཞུས་འདུགདེ་ཡང་གནད་དོན་དེའི་སྐོར་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་བྷོབ་ཀར་(Bob Carr) མཆོག་གིས་གསུང་དོན། རྒྱ་ནག་ཏུ་ཡོད་པའི་ཨོ་སི་ཊོ་ལི་ཡའི་གཞུང་ཚབ་སྐུ་ཞབས་ཕ་རན་སི་ཨེ་ཌམ་སོན་མཆོག་གིས་ (Frances Adamson)བོད་དུ་རང་ཉིད་དངོས་སུ་གཟིགས་སྐོར་ལ་འགྲོ་རྒྱུ་ཙམ་མ་ཟད། གཞན་ཡང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་གཅིག་བོད་དུ་རྟོག་ཞིབ་ཆེད་འགྲོ་བསྐྱོད་ཀྱི་ཆོག་མཆན་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད། ཅེས་དང་གཞན་ཡང་ཁོང་གིས་དེང་སྐབས་བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་དེ་དག་ལ་བློ་འཚབ་སྐྱེ་གཞི་ཞིག་ཡིན། ཞེས་བརྗོད་ཡོད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 2 སྡོམས་རོགས།