ཨར་གྷའོ་བོད་སློབ་ཏུ་བདེན་བཞི་ཆོས་འཁོར།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༩ རེས་གཟའ་ཉི་མའི་ཞོགས་པ་ཕྱག་ཚོད་ ༡༠ ནས་ ༡༢།༣༠ བར་ས་གནས་ཨར་གྷའོ་བོད་སློབ་ཏུ་ཐེངས་དང་པོར་ནང་ཆོས་འཛིན་གྲྭ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། དེ་ཡང་གཙོ་བོ་ས་གནས་ཨར་གྷའོ་ནང་དུ་ཡོད་པའི་གཞོན་སྐྱེས་སྡེ་ཚན་རྣམས་ཀྱི་ཆེད་དུ་དམིགས་ནས་བོད་སློབ་བསྒྲིམས་མྱོང་བའི་གཞོན་སྐྱེས་ཁག་ཅིག་དང་དེ་བཞིན་ད་ལྟ་སློབ་བཞིན་པའི་ས་གནས་བོད་སློབ་ཀྱི་སློབ་ཕྲུག་རྒན་པ་ཁག་ཅིག་བཅས་ལ་རི་ཀོན་ཆོས་འཁོར་དགོན་གྱི་ཨཅྱརཡ་པདྨ་དབང་རྒྱལ་མཆོག་ནས་ནང་ཆོས་ཀྱི་སྙིང་པོ་བདེན་པ་བཞིའི་སྐོར་གོ་བདེ་བོ་དང་དཔེ་མཚོན་གྱི་ལམ་ནས་སློབ་འཁྲིད་དང་དེ་བཞིན་དྲི་བ་དྲིས་ལན་སོགས་ཀྱི་མཛད་རིམ་ལེགས་པར་བསྒྲུབས་པའི་གསར་གནས་སུ།

ཨར་གྷའོ་བོད་སློབ་དང་རིག་གཞུང་སྡེ་ཚན་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 9 སམས་རགས།