སྨིན་གླིང་མཁན་ཆེན་འཇིགས་མེད་རྣམ་རྒྱལ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་ཞལ་ཁ་བསྒྱུར་བ།

༄༅།  ཕྱི་ལོ་ ༢༠༡༤  ཟླ་  ༤  ཚེས་ ༡༨/༡༩/༢༠  རེས་གཟའ་པ་སངས་ནས་ཉི་མ་བར་ཉིན་གྲངས་གསུམ་རིང་སུད་སི་དང།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་དང་།  རི་ཀོན་ཆོས་འཁོར་དགོན།  ཀུན་བཟང་མདོ་སྔགས་གླིང་ (ཚེས་བཅུ་ཚོགས་པ་) བཅས་མཉམ་སྦྲེལ་གྱིས་སྨིན་སྒྲུབ་ཞུ་རྒྱུའི་མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོའི་བྱེད་སྒོ་ཡོངས་སུ་རྫོགས་པ་ལེགས་པར་ཟིན་ཏེ་དབུ་བླ་སྣང་སྲིད་འཁོར་འདས་ཆོས་ཀུན་རང་རིག་ཡེ་ཤེས་ཀློང་དུ་ཚུད་པར་མཛད་པ་༸རྒྱལ་དབང་པདྨའི་རྒྱལ་ཚབ་རྡོ་རྗེ་འཆང་ཆེན་པོ་སྨིན་གླིང་མཁན་ཆེན་འཇིགས་མེད་རྣམ་རྒྱལ་མཆོག་སྐུ་འཁོར་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་ཞལ་བསྒྱུར་བ་དང་།  ཛུས་རིག་གནམ་ཐང་དུ་མི་མང་གི་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས།  ཚོགས་གཞོན་བསམ་པ་དོན་གྲུབ་ལགས།  རི་ཀོན་ཆོས་འཁོར་དགོན་གྱི་སློབ་དཔོན་བདེ་ཁོ་ལགས།  མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྒོ་སྤེ་ཡོན་ཏན།  ས་གནས་འཐུས་མི་སེ་ཝོ་བསོད་ནམས་ལགས་བཅས་ཀྱི་ཕེབས་སྐྱེལ་ཞུས།  ཐེངས་འདིའི་མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོའི་དམིགས་ཡུལ་གཙོ་བོ་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་འདྲེན་མཆོག་བླ་ན་མེད་པ།   ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་རིས་མེད་སྐྱེས་ཆེན་དམ་པ་གང་ན་འཚོ་བཞུགས་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་།   རླབས་ཆེན་ཐུགས་བཞེད་མཛད་འཕྲིན་ཐ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་།  བོད་ཀྱི་རྩ་དོན་ཆེད་རང་གི་གཅེས་པར་འཛིན་པའི་སྐུ་སྲོག་མེར་མཆོད་ཕུལ་བའི་རྒྱལ་གཅེས་སྙིང་སྟོབས་ཕུལ་བྱུང་སྤུན་ཟླ་དཔའ་བོ་དཔའ་མོ་རྣམས་ཀྱི་བཀྲིན་རྗེས་དྲན་དང་གདུང་སེམས་མཉམ་བསྐྱེད་བཅས་ཀྱི་ཆེད་བསྔོ་སྨོན་ཞུ་རྒྱུ་མ་ཟད།  ཁོང་རྣམས་ཀྱིས་སྡིག་ལྟུང་བག་ཆགས་ཐམས་ཅད་བྱང་ཞིང་དག་ནས་དལ་འབྱོར་གྱི་རྟེན་བཟང་རིམ་བརྒྱུད་བླ་མེད་རྫོགས་བྱང་མྱུར་དུ་འཐོབ་པ་དང་།  འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་པ།  བོད་མི་ཡོངས་ཀྱི་སྤྱི་མཐུན་བསོད་ནམས་གོང་ནས་གོང་དུ་འཕེལ་ཏེ་བོད་དོན་བདེན་མཐའ་མྱུར་དུ་གསལ་བ།  ལུས་ཅན་ཐ་དག་རྐྱེན་ངན་བར་ཆད་ཡོད་རྒུ་ཞི་ནས་འཕྲལ་ཡུན་དགའ་བདེའི་དཔལ་ལ་རོལ་བ་བཅས་ཀྱི་ཆེད་དུ་སྐབས་བཅོ་ལྔ་པའི་འཐུས་ཚོགས་ནས་མང་མོས་གྲོས་ཆོད་རིམ་བྱུང་བཞིན།  ཐོག་མའི་འཆར་འགོད་རེ་འདུན་ལས་ལྷག་པའི་བྱེད་སྒོ་ཕུན་སུམ་ཚོགས་པ་བྱུང་བ་བཅས་ནི།  འཐུས་ཚོགས་དང་འབྲེལ་ཡོད་མང་ཚོགས་ནས་དཔལ་འབྱོར་གཙོ་བོར་གྱུར་བའི་མཐུན་འགྱུར་རོགས་རམ་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཟེར་བ་ལྟར་གནང་བ།  བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་༸བློན་མཆོག་གི་དབུས་འབྲེལ་ཡོད་ལས་བྱེད་རྣམ་པའི་མཐུན་འགྱུར་གྱིས་ཚོགས་འབུམ་ཆེན་མོའི་དབུ་བླ་བསྐོ་གཏོང་གནང་བ། དེ་བཞིན་ལྷ་བླ་མའི་ཐུགས་རྗེ་བྱིན་མཐུ་ལས་བྱུང་བ་བཅས་ཀྱི་ངོས་འཛིན་ཞུ་བཞིན་ཡོད་པའི་གནས་ཚུལ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་ཏན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 9 སྡོམས་རོགས།