སྨིན་གླིང་མཁན་ཆེན་མཆོག་སུད་སིར་༸ཞབས་སོར་འཁོད་པ།

༄༅།  ཕྱི་ལོ་ ༢༠༡༤  ཟླ་  ༤  ཚེས་ ༡༨/༡༩/༢༠  ཉིན་གསུམ་རིང་འཚོག་ལ་ཉེ་བའི་སུད་སི་དང།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་ནས་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་འདྲེན་མཆོག་བླ་ན་མེད་པ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་འཚོ་བཞུགས་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་།  རླབས་ཆེན་ཐུགས་བཞེད་མཛད་འཕྲིན་ཐ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་།   བོད་ཀྱི་རྩ་དོན་ཆེད་སྐུ་སྲོག་ཕུལ་བའི་རྒྱལ་གཅེས་སྙིང་སྟོབས་ཕུལ་བྱུང་སྤུན་ཟླ་དཔའ་བོ་དཔའ་མོ་རྣམས་ཀྱི་བཀྲིན་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་ཀྱི་བསྔོ་སྨོན་ཞུ་རྒྱུ།  སྤྱི་མཐུན་བསོད་ནམས་གོང་དུ་འཕེལ་ཏེ་བོད་དོན་བདེན་མཐའ་མྱུར་དུ་གསལ་བ།  ལུས་ཅན་ཐ་དག་རྐྱེན་ངན་བར་ཆད་ཡོད་རྒུ་ཞི་ནས་འཕྲལ་ཡུན་དགའ་བདེའི་དཔལ་ལ་རོལ་བ་བཅས་ཀྱི་ཆེད་དུ་སྐབས་བཅོ་ལྔ་པའི་འཐུས་ཚོགས་ནས་མང་མོས་གྲོས་ཆོད་རིམ་བྱུང་ལྟར།  སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་དང་།  རི་ཀོན་ཆོས་འཁོར་དགོན།  ཀུན་བཟང་མདོ་སྔགས་གླིང་ (ཚེས་བཅུ་ཚོགས་པ་) བཅས་མཉམ་མཐུན་གྱིས་བསམ་པ་ལྷུན་འགྲུབ་མའི་སྒོ་ནས་མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོ་འབུལ་རྒྱུ་དང་།  ཚོགས་མགོན་དུ་གདན་ཞུས་ལྟར་སྨིན་གླིང་མཁན་ཆེན་འཇིགས་མེད་རྣམ་རྒྱལ་མཆོག་སྐུ་འཁོར་ཛུས་རིག་གནམ་ཐང་དུ་༸ཞབས་སོར་བཀྲིན་ཆེ་སྐབས་ཕེབས་བསུར་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་།  སློབ་དཔོན་བདེ་ཁོ་ལགས།  མི་མང་གི་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས།ཚོགས་གཞོན་བསམ་པ་ལགས།  གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ།  དེ་བཞིན་ས་འཐུས་ཁག་ཅིག་དང་།  ཚེས་བཅུ་ཚོགས་པའི་སྐུ་ཚབ་བཅས་མི་གྲངས་བཅུ་ཕྲག་སྐོར་ནས་དཀར་གཙང་མཇལ་དར་ཕུལ་ནས་བསུ་བ་ཞུས་པ་མ་ཟད།  གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཅས་ནས་མགྲོན་ཁང་དུ་ཕེབས་སྐྱེལ་ཞུས་ཡོད་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་ཏན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 7 སམས་རགས།