སྦ་སལ་ཚོགས་ཆུང་ནས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་སྐད་འབོད་ལས་རིམ་ཞིག་གནང་བ།

༆། །ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༩ ཚེས་ ༡༡ རེ་གཟའ་མིག་དམར་ཉིན་གུང་ཕྱག་ཚོད་ ༡༤ དང་སྐར་མ་ ༣༠ ནས་ ༡༦ དང་སྐར་མ་ ༣༠ བར་སུད་སིའི་རང་སྐྱོང་མངའ་སྡེ་སྦ་སལ་ཁྲོམ་གཞུང་བརྒྱུད་ས་གནས་བོད་མི་གྲངས་ ༧༠ ལྷག་གིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་སྐད་འབོད་ལས་རིམ་ཞིག་གནང་སོང། །
ཕྱག་ཚོད།  ༡༤།༣༠  ཕེབས་ཡུལ་སྐི་ལ་རུ་པི་ལ་རྫི་ཕྲུ་གུ་རྩེད་ཐང་ལ།  ༼Claraplatz Kinder park ༽མི་མང་མཉམ་འཛམ་གནང་ནས། །
ཕྱག་ཚོད།  ༡༤།༤༥  ས་གནས་མཐུས་མའི་ནས་ལས་དོན་དང་འབྲེལ་བའི་གཏམ་བཤད་གནང་སོང་། །
ཕྱག་ཚོད།  ༡༥།༡༥  སྐད་འབོད་དང་གམ་འགྲོད་དབུ་མཛུགས་གནང་ནས་། །

ཕྱག་ཚོད།  ༡༦ ། མར་ཀུན་པུ་ལ་རྫུ་ལ ༼Marktplatz༽དུས་ཡུན་སྐར་མ་ ༢༥་ཙམ་སྐད་འབོད་བྱས་ནས་། །མཇུག་དུ་གོང་ས་༧་མཆོག་སྐུ་ཚེ་བསྟན་པ་དང་རང་ལུས་མཆོད་མེ་འབུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་གི་གདུང་སེམས་མཉམ་བསྐྱེད་ཆེད་རྒྱལ་བའི་ཞབས་བསྟན་དང་ཚད་མེད་ཡོན་ཏན་དང་བོད་རྒྱལ་ཁབ་ཆེན་མོ་རྒྱལ་གླུ་སོགས་གཏང་ནས་མཇུག་སྒྲིལ་སོང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 8 སྡོམས་རོགས།