སྤྱི་འཐུས་རྣམ་པ་རི་ཀོན་ཆོས་འཁོར་དགོན་དང་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིག་མེད་བཟང་པོ་མཆོག་མཇལ་འཕྲད་གནང་།

 ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕེབས་པའི་སྤྱི་འཐུས་རྣམ་པ་རི་ཀོན་ཆོས་འཁོར་དགོན་དང་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིག་མེད་བཟང་པོ་མཆོག་མཇལ་འཕྲད་དེ་བཞིན་ས་གནས་བོད་སློབ་ཁག་གསུམ་ནང་གཞུང་འབྲེལ་མཚམས་གཟིགས་ལེགས་གྲུབ་གནང་ཡོད་པ་དང་། དའི་ཉིན་སྔ་དྲོའི་ཚོུད་ ༠༩།༠༠ ཐོག་ཕྱི་འཐུས་བྱམས་པ་ཚེ་རིང་ལགས་དང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་གཉིས་ནས་དབུ་ཁྲིད་ཏེ་སྤྱི་འཐུས་རྣམ་པ་བཞུགས་གནས་མགྲོན་ཁང་ནས་ཆིབས་ཐོན་གྱིས་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་མཇལ་འཕྲད་དང་ཕན་ཚུན་བཀའ་མོལ་ལྷུག་པོ་གནང་རྗེས་རི་ཀོན་ཆོས་འཁོར་དགོན་དུ་མཚམས་གཟིགས་དང་ཆོས་མཇལ་དུ་ཕེབས་པ་དང་།  སྐབས་དེར་རི་ཀོན་ཆོས་འཁོར་དགོན་དུ་མཁན་རིན་པོ་ཆེའི་དབུས་པའི་དགེ་འདུན་རྣམ་པ་དང་། དགོན་པའི་འགན་འཛིན་ཕི་ལིབ་ལགས་དང་ས་གནས་འཐུས་ཚོགས་ཀྱི་དགོན་པའི་འབྲེལ་འཐུས་པ་ལྷག་པ་ཚེ་རིང་ལགས་བཅས་ནས་སྣེ་ལེན་གཟབ་རྒྱས་གནང་བ་དང་། དགོན་པའི་འགན་འདིན་ནས་དགོན་པའི་ལོ་རྒྱུས་སྙིང་བསྡུས་སྙན་སེང་དང་མཁན་རིན་པོ་ཆེ་མཆོག་ནས་དགོན་པའི་དམིགས་བསལ་ལས་འཆར་ཁག་དང་གནས་ལུགས་རྣམས་གསལ་བཤད་གནང་བ་བཅས་མཚམས་གཟིགས་སྣེ་ལེན་རྒྱས་པ་གནང་རྗེས།

ས་གནས་རི་ཀོན་ཚོགས་ཆུང་ནས་ཉིན་དགུང་ཞལ་ལག་རྒྱས་པ་ཞིག་འདེགས་འབུལ་དང་སྦྲགས་རི་ཀོན་ཚོགས་ཆུང་གི་བོད་སློབ་ནང་མཚམས་གཟིགས་གནང་། རི་ཀོན་ཚོགས་ཆུང་གི་བོད་སློབ་སློབ་མ་དང་དགེ་རྒན་དེ་བཞིན་ཕ་མ་རྣམས་ནས་མཚམས་གཟིགས་གཟབ་རྒྱས་གོ་སྒྲིག་ཞུས།

དེའི་རྗེས་བོད་རིགས་མི་མང་ཚོགས་གཙོ་མཆོག་ནས་སྤྱི་འཐུས་དགེ་བཤེས་ཨ་འབྲུག་ཚེ་བརྟན་ལགས་དང་ཟླ་བ་ཕུན་སྐྱིད་ལགས་རྣམ་གཉིས་ལྷན་ས་གནས་ཨར་གྷའོ་ཚོགས་ཆུང་གི་བོད་སློབ་མཚམས་གཟིགས་དང་།  དེ་བཞིན་ཕྱོགས་བཞུགས་སྤྱི་འཐུས་བྱམས་པ་ཚེ་རིང་ལགས་ནས་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང་ངག་དབང་ཐར་པ་ལགས་རྣམ་གཉིས་ལྷན་ས་གནས་ལུ་ཛེན་ཚོགས་ཆུང་གི་བོད་སློབ་ནང་མཚམས་གཟིགས་བཅས་བོད་སློབ་ཁག་གསུམ་ནང་མཚམས་གཟིགས་རྒྱས་པ་ཞིག་གོ་སྒྲིག་ཞུས་པ་བཞིན་སྤྱི་འཐུས་རྣམ་པ་ཧ་ཅང་གི་ཐུགས་བློ་འཁེངས་པ་དང་། ས་གནས་གཟའ་མཇུག་བོད་སློབ་སྐོར་གནས་ཚུལ་གསལ་པོ་མཁྱེན་ཐུབ་པ་བྱུང་བཅས་བསྔགས་བརྗོད་གནང་བ་བཅས་ཕྱི་དྲོའི་ཚོུད་༡༩ ཡས་མས་བཞུགས་གནས་མགྲོན་ཁང་དུ་ཕྱིར་ཕེབས་ཀྱི་ཕྱི་ཚེས་ ༡༩ ཉིན་གྱི་མཛད་རིམ་ཐུགས་རྒྱས་ངང་མཇུག་སྒྲིལ་ཞུས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 2 སྡོམས་རོགས།