སྤྱི་འཐུས་དང་ས་འཐུས་ཐུག་འཕྲད་གནང་།

ཟླ་འདིའི་ཚེས་༡༨ ཉིན་གྱི་ཞོགས་པའི་ཆུ་ཚོད་བཅུ་བའི་ཐོག་ནས་སུད་སིའི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་འཐུས་མི་རྣམ་པ་དང་། སྐུ་ངོ་དོན་གཅོད་དངོས་གྲུབ་རྡོ་རྗེ། ས་གནས་སྤྱི་འཐུས་ཟམ་མདོ་བྱམས་པ། སྤྱི་ཟུར་རྣམ་པ། ས་གནས་ཆོལ་གསུམ་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་རྣམ་པ། དེ་བཞིན་གཞོན་དུ་བུད་མེད་སོགས་ཀྱི་འབྲེལ་ཡོད་མི་སྣ་རྣམས་ཕྱོགས་བསྐྱོད་བཞིན་པའི་སྤྱི་འཐུས་རྣམ་དང་ཞུགས་མོལ་ཚོགས་འདུ་ཞིག་ར་པར་སི་ཧིལ་ཡོ་ནའི་ཀེ་ལ་ཤི་ཟ་ཁང་དུ་འཚོགས་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ལ་ནང་ཁུལ་དྲི་བ་དྲིས་ལན་གནང་། མཐར་ཉིན་གུང་གསོལ་ཚིགས་ཤིག་མི་མང་ཚོགས་པས་གསོལ་མགྲོན་ཁང་རང་དུ་གོ་སྒྲིག་ཞུས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 5 སམས་རགས།