སྐབས་བཞི་པའི་མཧཱ་གུ་རུའི་འབུམ་ཚོགས་ལེགས་གྲུབ་བྱུང་བ།

༄༅། དཔལ་ས་སྐྱའི་སྙན་བརྒྱུད་བསམ་གཏན་ཆོས་གླིང་ཆོས་ཚོགས་ཀྱི་དྭངས་བླང་ཐུགས་བསྐྱེད་དང་། དཔལ་ལྡན་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལྷན་ཁང་གི་ལམ་སྟོན་བཀའ་སློབ་འོག སུད་སི་མཧཱ་གུ་རུའི་འབུམ་ཚོགས་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་འདི་ལོ་སྐབས་བཞི་པའི་འབུམ་ཚོགས་ཀྱི་ཚོགས་མགོན་དུ་དཔལ་མཉམ་མེད་སྟག་ལུང་བཀའ་བརྒྱུད་ཀྱི་བསྟན་པའི་སྲོག་ཤིང་༸ཞབས་དྲུང་རིན་པོ་ཆེ་དབུ་བཞུགས་ཐོག རྒྱ་གར་སོགས་ནས་སློབ་དཔོན། དབུ་མཛད། མཆོད་དཔོན་དང་། རི་ཀོན་ཆོས་འཁོར་དགོན་གྱི་རིས་མེད་ཀྱི་དགེ་འདུན་རྣམས་དང་། སྤྱི་ཟུར་རྣམ་པ། སྐུ་ཚབ་དོན་གཅོད། སུད་སི་བོད་རིགས་མི་མང་གི་ཚོགས་གཙོ་ཚོགས་གཞོན། དེ་བཞིན་སུད་སི་བོད་རིགས་སེར་སྐྱ་མི་མང་ཉིན་རེ་བཞིན་བརྒྱ་ཕྲག་བརྒལ་བ་ལྷན་འཛོམས་ཀྱིས་༸རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་བདེ་ཐབས་ཆེད་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་སླད་རིག་འཛིན་གདུང་སྒྲུབ་ཀྱི་ཆོ་གའི་སྒོ་ནས་མཧཱ་གུ་རུའི་འབུམ་ཚོགས་དེ་བཞིན་༢༠༡༣ ཟླ་༧ ཚེས་༣༡ ནས་ཕྱི་ཟླ་༨ ཚེས་༤ བར་སུད་སི་ཛུ་རིཁ་མངའ་ཁོངས་ས་གནས་བའུ་མཱར་ (BAUMA) ཉིན་གྲངས་ལྔའི་རིང་ཚོགས་གྲངས་གསོག་འགྲོ་ངེས་ཐོག ཕྱི་ཟླ་༨ ཚེས་༡ བོད་ཚེས་༢༥ ཉིན་ཚེས་བཟང་དང་སྟབས་བསྟུན་བོད་མི་རིགས་དང་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་ལུས་ཞུགས་འབུལ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་དམིགས་ནས་མར་མེའི་སྨོན་ལམ་དང་འབྲེལ་བསྔོ་སྨོན་མཆོད་འབུལ་ཞིག་ཀྱང་གོ་སྒྲིག་ཞུས་པ་བཞིན་ཐོག་མཐའ་བར་གསུམ་དུ་ལེགས་གྲུབ་བྱུང་བ་དང་། ཆབས་ཅིག་སུད་སི་བོད་རིགས་མི་མང་གི་ཚོགས་ཆུང་ཁག་ནས་གསོལ་ཐབ་ནང་ཕྱག་རོགས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། སུད་སི་མཧཱ་གུ་རུའི་འབུམ་ཚོགས་གོ་སྒྲིག་ཚོགས་ཆུང་རྒྱུན་ལས་ཐུན་མོང་ནས་༢༠༡༣ ཟླ་༨ ཚེས་༡༣ ལ།།

འདྲ་པར།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 2 སམས་རགས།