སྐབས་བཅོ་ལྔ་པའི་ས་གནས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་བསྐོང་འཚོགས་བསྐྱངས་པ།

༈   སུད་སི་དང་། ལིཀ་ཏན་སེཊཡན་བོད་རིགས་མི་མང་གི་སྐབས་བཅོ་ལྔ་པའི་ས་གནས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་བོད་རྒྱལ་ལོ་ ༢༡༣༩ རབས་གནས་ཆུ་འབྲུག་གྲོ་བཞིན་ཟླ་བའི་ཚེས་ ༨ ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༥ ཞོགས་པ་ཚོུད་  ༡༠/༠༠ མི་མང་ལས་ཁུངས་ནང་བསྐོང་འཚོགས་བསྐྱངས་པ་དང་།  ཉིན་དེར་ས་འཐུས་གཅིག་གི་དགོངས་ཤོག་སྒྲིག་གསལ་དུས་ཐོག་གནང་ཡོད།  ས་འཐུས་གཅིག་ནས་ཉིན་གཅིག་གོང་དགོངས་ཞུ་གནང་བ་ངོས་ལེན་མ་ཐོབ་པ་དང་ཡང་གཅིག་ཕེབས་ཐུབ་མེད།  ཚོགས་གཙོ་ཚོགས་གཞོན་བཅས་ས་འཐུས་མི་གྲངས་ ༢༢  ངོ་ཕེབས་ཐུབ་པ་བྱུང་འདུག  དེ་ཉིན་གཞུང་འབྲེལ་གྱི་གྲོས་འཆར་གྲོས་ཆོད་ཡིག་ཆ་ཁག་གཉིས་ཡོད་པ་ནས་ཡིག་ཆ་ཨང་དང་པོར་ས་འཐུས་ ༢༠ རྒྱབ་སྐྱོར་དང་བར་བཞུགས་གཅིག་བཅས་མང་མོས་བྱུང། 

གཞུང་འབྲེལ་གྱི་གྲོས་འཆར་གྲོས་ཆོད་ཡིག་ཆ་་ཨང་གཉིས་པར་ས་འཐུས་ ༢༡ ཆ་ཚང་གིས་རྒྱབ་སྐྱོར་ཐོབ་ནས་སྤྱི་མོས་བྱུང་བ་བཅས་མདོར་དོན་ཚོུད་ཕྱེད་ཙམ་གྱི་ནང་དེ་ཉིན་གྱི་གྲོས་ཚོགས་ཐོག་དྭོགས་འདྲི་དང་དགོངྶ་ཚུལ་སོགས་གང་ཡང་མེད་པར་རྒྱལ་ཁའི་ངང་མཇུག་བསྒྲིལ་བྱུང་སོང་བ་བཅས་ཀྱི་གནས་ཚུལ།  བོད་དྲུང་སྒོ་སྤེ་ཡོན་ཏན་གྱིས།  ༢༠༡༢  ཕྱི་ཟླ་ ༨ ཚེས་  ༢༦  ཉིན།།

གཞུང་འབྲེལ་གྲོས་འཆར་གྲོས་ཆོད་ཡིག་ཆ་ཁག་གཉིས་ནི།

ཡིག་ཆ་ ༡
ཡིག་ཆ་ ༢

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 2 སྡོམས་རོགས།