སྐད་འབོད་དང་མཉམ་རང་ལུས་ལ་གྲི་བཙུཊ་ནས་རང་ཤི་རྒྱབ་འདུག

http://www.rfa.org/

བོད་མི་འཕཊ་པ་རྒྱལ་མཚན་གྱིས་སྐད་འབོད་དང་མཉམ་རང་ལུས་ལ་གྲི་བཙུཊ་པ་དང་ཁང་པའི་ཡང་སྟེང་ནས་མཆོངས་ཏེ་རང་ཤི་རྒྱབ་འདུགདེ་ཡང་འདི་གར་བོད་ནས་འབྲེལ་ཡོད་བརྒྱུད་གནས་ཚུལ་འབྱོར་དོན། སྤྱི་ཟླ་༥པའི་ཚེས་༧ཉིན་གྱི་ཞོགས་པར་ཆབ་མདོ་ས་ཁུལ་མཛོ་སྒང་སྟོང་འབར་ཡུལ་ཚོའི་བོད་མི་འཕགས་པ་རྒྱལ་མཚན་ཟེར་བ་ཞིག་གིས་ས་གནས་སུ་རྒྱ་ནག་གིས་གསེར་གྱི་གཏེར་ཁ་སྔོག་འཆར་ལ་ངོ་རྒོལ་སྐད་འབོད་དང་མཉམ་རང་ལུས་ལ་གྲི་བཙུགས་པ་དང་། ཡུལ་ཚོའི་ཐོག་ཁང་གི་ཡང་སྟེང་ནས་མཆོངས་ཏེ་རང་ཤི་རྒྱབ་ཡོད་པ་རེད། དེའི་ཐད་བོད་ནས་ཁོང་གི་ཉེ་འབྲེལ་ཞིག་བརྗོད་དོན། ད་ལྟ་ལོ་ན་༣༩ཙམ་ཡིན་པའི་བོད་མི་འཕགས་པ་རྒྱལ་མཚན་གྱིས་སྟོང་འབར་ཡུལ་མི་ཚོར་ཁྱེད་རྣམ་པས་ངོ་རྒོལ་སྐད་འབོད་བྱེད་མི་དགོས། ངས་གོ་ཆོད་པ་ཞིག་བྱེད་ཆོག་ཟེར་ནས་སྟོང་འབར་ཡུལ་ཚོའི་ཐོག་བརྩེགས་ཁང་པའི་ཐོག་འཛེགས་པ་དང་། ཁོང་གིས་རྒྱ་ནག་གིས་ང་ཚོའི་ས་གནས་ནས་གཏེར་ཁ་བསྔོག་འདོན་བྱེད་མི་ཆོིག ང་ཚོའི་བོད་མི་ཚོར་རང་དབང་མི་འདུག་ཞེས་སྐད་འབོད་བྱས་པ་རེད། སྐབས་དེར་མི་འགའ་ཞིག་གིས་ཁོང་བཟུང་ནས་དེ་འདྲ་མ་བྱེད་ཅེས་ཁ་ཏ་བྱས་ཀྱང་ཁོས་མུ་མཐུད་སྐད་འབོད་དང་མཉམ། ཁོས་རང་ཉིད་གྱི་ལུས་སྟེང་དུ་གྲི་བཙུགས་པ་དང་། ཐོག་བརྩེགས་ནས་མཆོངས་རྗེས་དེ་མ་ཐག་ཁོང་འདས་གྲོངས་སུ་གྱུར་ཡོད་པ་ངོ་སྤྲོད་བྱས་ཡོད།

བོད་མི་འཕགས་པ་རྒྱལ་མཚན་ལགས་གནས་ཚུལ་ལྟར་ན། ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་གི་ཁོངས་སུ་གཏོགས་པའི་སྟོང་འབར་ཡུལ་ཚོ་གེར་ཨར་གྲོང་ཁུལ་དུ་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་ལས་འཆར་འཐེན་ནས་ཟླ་བ་གཉིས་ཙམ་ཕྱིན་ཡོད་པ་དང་། དེའི་ཆེད་ཉེ་འདབས་རྒྱལ་མོ་དངུལ་ཆུའི་ཐོག་ཟམ་པ་ཞིག་ཀྱང་རྒྱབ་ཚར་ཡོད་པ་རེད་འདུག དེར་བརྟེན་རྒྱ་གཞུང་གིས་ཁུལ་དེ་ནས་གཏེར་ཁ་སྔོག་རྒྱུའི་ལས་གཞི་ལ་ངོ་རྒོལ་བྱེད་རྒྱུར་ས་གནས་ཡུལ་མི་ཚོས་སྔ་ས་ནས་ཁྱིམ་ཚང་རེ་ནས་མི་འབོད་འགུག་གིས་གཏེར་ཁ་སྔོག་རྒྱུ་བཀག་བསྡོམས་བྱེད་ཐབས་བྱས་ཡོད་པ་རེད། དེར་བརྟེན་ཟླ༤་ཚེས༢༨ཙམ་ལ་ངོ་རྒོལ་བྱེད་མཁན་གྱི་ཁྲོད་ནས་བོད་མི་ཕོ་གསར་མི་གྲངས་ཉི་ཤུ་ཙམ་ཞིག་སྟོང་འབར་ཡུལ་ཚོ་ནས་འཇུ་བཟུང་བཀག་ཉར་བྱས་ནས་ཡོད་འདུག དེ་བཞིན་ཡུལ་ཚོའི་རྒྱ་ནག་གི་ལས་བྱེད་ཚོས་ས་གནས་ཡུལ་མི་དང་ལྷག་པར་དུ་བཀག་ཉར་འོག་ཡོད་པའི་མི་དེ་དག་ལ་གཏེར་ཁ་སྔོག་འཇུག་དགོས་པའི་སློབ་གསོ་བྱས་པ་དང་མ་ཟད། ནང་མི་རེ་ལ་རྒྱ་སྒོར་ཁྲི་རེ་སྤྲོད་རྒྱུའི་ཁས་ལེན་བྱས་འདུག་ཀྱང་ས་གནས་ཡུལ་མི་ཚོས་དེ་ལ་ཁས་ལེན་རྩ་བ་ནས་མ་བྱས་པར་གལ་སྲིད་གཏེར་ཁ་སྔོག་པ་ཡིན་ན་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་པ་དང་། ཡུལ་ལུང་དུ་ས་ཡོམ་རྒྱག་གི་རེད། དེ་སྔོན་སྒ་སྐྱེ་རྒུ་མདོ་རུ་ས་ཡོམ་ཆེན་པོ་རྒྱབ་པ་དེ་ཡང་གཏེར་ཁ་སྔོག་འདོན་བྱས་པའི་རྐྱེན་གྱིས་ཡིན་ལུགས་ཡུལ་མི་ཚོས་ཡིད་ཆེས་དང་རྒྱུ་མཚན་བཤད་ཡོད་པ་རེད། གནས་སྟངས་དེའི་འོག་བཀག་ཉར་བྱས་པའི་ཡུལ་མི་དེ་དག་རྗེས་སུ་ཕྱིར་སློག་བཏང་ཡོད་ཀྱང་མི་དམངས་ཀྱི་རེ་འདུན་ལ་ཡུལ་ཚོའི་རྒྱ་ནག་གི་ལས་བྱེད་ཚོས་ངོས་ལེན་མ་བྱས་སྟབས་གོང་གི་གནས་ཚུལ་དེ་བྱུང་བ་ཡིན་པ་རེད་འདུག་ལ་གཏེར་ཁ་སྔོག་འཆར་གྱི་ས་ཁུལ་གཙོ་བོ་ཁུལ་དེའི་མ་རྫ་མཚོ་ཟེར་བའི་གེ་ཨར་གྲོང་གི་ལུང་པའི་མདོ་དང་། རྒྱ་མོ་དངུལ་ཆུ་རྒྱུག་ཡུལ་འགྲམ་དུ་ཡིན་པ་རེད།

གོང་གི་འཕགས་པ་རྒྱལ་མཚན་ནི་ཆོས་ཤོས་ཚང་གི་བུ་རྒན་ཤོས་དེ་ཡིན་པ་དང་། སྐབས་དེར་ཁོང་གི་བཟའ་ཟླ་ལ་མངལ་ཆགས་ཡོད་པ་མ་ཟད། ཁོང་གཉིས་ལ་ཕྲུ་གུ་ལོ་ཆུང་གསུམ་ཡོད་པ་རེད་འདུག སྟོང་འབར་ཡུལ་ཚོར་ད་བར་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱས་མེད་ཀྱང་རིམ་བཞིན་ཁུལ་དེར་ཟམ་པ་དང་། ལམ་ཁ་བཟོས་པ་སོགས་བརྒྱུད་ནས་གཏེར་བསྔོག་འདོན་བྱེད་རྒྱུའི་འཆར་གཞི་བཏིང་བཞིན་པ་ཡིན་འདུག

གསར་འགོད་པ་བློ་བཟང་ཆོས་འཕེལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 7 སམས་རགས།