སུད་སིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ལས་འགུལ་སྤེལ།

ཕྱི་ལོ་ ༢༠༡༥ ཟླ་ ༠༢ ཚེས་ ༢༧ རེས་གཟའ་པ་སངས་ཉིན་འཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཨ་མའི་མདུན་ཐང་དུ་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་དབུ་འཛུགས་གནང་། ས་གནས་ཚོགས་ཆུང་དྲུག་གི་མི་མང་ ༨༠ ཙམ་མཉམ་འཛོམས་ཐོག་མཛད་རིམ་གཙོ་སྐྱོང་གྲོང་སྟོད་བསོད་ནམས་རྡོ་རྗེ་ནས་གནང་སོང་། །དེ་ནས་བཀུར་འོས་མི་མང་ཚོགས་གཞོན་བསམ་པ་དོན་འགྲུབ་ལགས་ནས་ལས་འགུལ་དང་འབྲེལ་བའི་གསུང་བཤད་ཟབ་ཞིང་རྒྱས་པར་གནང་། དེ་རྗེས་འབོད་ཚིག་སྐད་ཤུགས་ཆེན་པོས་ངང་འབོད་ཚིགས་བསྒྲགས་གནང་བ་དང་། ༧གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིགས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མཆོད་མེ་འབུལ་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་སྨོན་ལམ་གསུང་འདོན་གནང་སོང། དཔའ་ལྡན་རང་གཞུང་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ཚབ་ཟླ་བ་ལགས་ནས་ལས་འགུལ་འདི་མུ་མཐུད་སྤེལ་བའི་སྐབས་མི་མང་གང་མང་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་འགྲེལ་བརྗོད་བརྒྱུད་བསྐུལ་གནང་། འདས་ཟིན་པའི་མི་ལོ་ལྔ་བཅུ་ནས་དྲུག་བཅུ་ཕྱིན་ཡོད་ནའང་འཐབ་རྩོད་བྱེད་པའི་སེམས་ཤུགས་མ་ཆག་པར་གནས་ཡོད་པ་གལ་ཆེན་ཡིན་པ་སོགས་བཀའ་སློབ་ཟབ་རྒྱས་གནང་སོང་། དེ་ནས་འབོད་ཚིག་སྐད་ཤུགས་ཆེན་པོ་བསྒྲགས་ནས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་། གྲོང་སྟོད་བསོད་ནམས་ལགས་ནས་དེ་རིང་འདིར་ཕེབས་པའི་མི་མང་ཚང་མ་ལ་ཐུགས་རྗེ་ཆེ་ཞུས་པ་དང་བོད་མི་མི་རེ་ངོ་རེ་ནས་བོད་མི་ཞིག་ཡིན་པའི་འགན་འཁྱེར་དགོས་པའི་འབོད་བསྐུལ་ཞུས་ནས་ཕྱག་ཚོད་ ༡༤།༢༥ ལ་མཛད་རིམ་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་སོང་བའི་ས་འཐུས་མགོན་པོ་རྡོ་རྗེ་ཚང་ཟླ་བ་ནས། ༢༠༡༥ ཟླ་ ༠༢ ཚེས་ ༢༧ ཉིན།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 2 སྡོམས་རོགས།