སུད་སིའི་བོད་སློབ་ཁག་གི་དབྱར་སྐྱིད་ཐེངས་དང་པོ།

༢༠༡༩ ལོའི་ཟླ་༧ ཚེས་༢༧ ཉིན་སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་བོད་སློབ་ཁག་གི་སློབ་ཕྲུག་རྣམས་ལྷན་འཛོམས་ཐོག་དབྱར་སྐྱིད་ཐེངས་དང་པོ་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་དབྱར་སྐྱིད (Summer Camp) ནང་སུད་སི་ས་གནས་བོད་སློབ་ཁག་དགུ་མཉམ་ཞུགས་གནང་ཡོད་འདུག

ཐེངས་འདིའི་བོད་སློབ་དབྱར་སྐྱིད་ཐད་སིད་སིའི་བོད་སློབ་འགན་འཛིན་རྩེ་བ་ཚང་རྒྱ་མཚོ་ལགས་སུ་འདི་གའི་གསར་འགོད་པ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཞུས་གསལ། གོང་ཚེས་ཉིན་ནས་སུད་སི་ནང་གི་སློབ་དབྱར་སྐྱིད་ཐེངས་དང་པོ་དབུ་འཛུགས་གནང་ཡོད་པ་དང་། དབྱར་སྐྱིད་འདི་གོ་སྒྲིག་བྱེད་སྟངས་ནི་དང་པོ་ཕྱི་ལོགས་ཀྱི་སྤང་ཁ་ལ་གུར་བརྒྱབ་སྟེ་གུར་རེ་རེ་ལ་འབྱུང་བ་བཞི་ཡི་མིང་བཏགས་ཏེ། ས་གནས་ཁག་དགུ་ནས་སློབ་ཕྲུག་གྲངངས་བཞི་བཅུ་ལྷག་ཕེབས་ཡོད་པ་རྣམས་ཁག་བཞི་ལ་བསྒོས། གུར་རེ་རེ་ལ་རྒན་བདག་རེ་དང་། སྤྱི་ཡོངས་ཀྱི་རྒན་བདག་གཅིག་བཅས་རྒན་བདག་ལྔ་བསྐོས་པའི་ཐོག་ནས་ཉལ་ས་སོགས་གོ་སྒྲིག་བྱས་ཡོད་པ་དང་། དབྱར་སྐྱིད་ཀྱི་ཉིན་དང་པོར་སློབ་ཕྲུག་ཕན་ཚུན་ངོ་སྤྲོད་དང་། དེ་རྗེས་གཞས་དང་ཞབས་བྲོ་སོགས་འཁྲབ། དེ་རྗེས་ཕན་ཚུན་བོད་སྐད་རྒྱག་རྒྱུའི་མཛད་རིམ་སོགས་གནང་ཡོད་པ་དང་། ཉིན་གཉིས་པར་སུད་སི་ས་གནས་ལོའོ་སན་ནས་རྒན་ཉམས་མྱོང་ཅན་བུ་ཆུང་ལགས་ཕེབས་ཏེ་བོད་ཡིག་སློབ་ཁྲིད་གནང་སྟངས་སོགས་མཛད་རིམ་མང་པོ་སྐྱོང་ཡོད་པ་དང་། ཉིན་རྒྱབ་ལ་སུད་སི་དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིག་མཆོག་དང་། ལས་རོགས་བསོད་ནམས་མཐར་ཕྱིན་གཉིས་ཆེད་ཕེབས་ཀྱིས་བཀའ་སློབ་དང་། གཟིགས་སྐྱོང་རླབས་ཆེན་དང་རྒྱབ་སྐྱོར་གནང་ཡོད་པ་དང་། དེ་བཞིན་ཁ་ལག་བཟོ་མཁན་དང་རོགས་པ་གནང་མཁན་ཚང་མས་ཧ་ལས་པའི་རྒྱབ་སྐྱོར་གནང་བཞིན་པ་དང་། མཛད་རིམ་ཡག་པོ་འགྲོ་བཞིན་པ་འདི་གོ་སྒྲིག་བྱེད་མཁན་ཚོས་ངོས་ནས་ཤིན་ཏུ་ནས་དགའ་དགོས་པའི་ལས་དོན་ཞིག་རེད། ཅེས་སོགས་གསུངས་སོང་།

མཛད་རིམ་གྱི་ཉིན་གསུམ་པར་སུད་སི་ས་གནས་སོ་ལོ་ཐོན་འཐུས་མི་པད་མ་ཚང་དབང་ཕྱུགས་དང་། ས་གནས་སྦ་སལ་གྱི་བོད་སློབ་འགན་འཛིན་དགེ་བ་བཟང་པོ་ལགས་སོགས་ཀྱིས་མཚོན་པའི་བོད་ཀྱི་རིག་གཞུང་དང་བོད་གནས་སོགས་ལ་རྒྱུས་མངའ་ཡོད་པའི་དགེ་རྒན་ཁག་ཅིག་གིས། སློབ་ཕྲུག་རྣམས་ལ་བོད་ཀྱི་ས་ཆའི་གནས་བབ་དང་བོད་ཀྱི་ད་ལྟའི་གནས་སྟངས་ངོ་སྤྲོད་སོགས་གནང་ཡོད་འདུག

གསར་འགོད་པ། བཀྲ་ཤིས་རྣམ་རྒྱལ་དང་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 8 སམས་རགས།