སུད་སིའི་བུད་མེད་ལྷན་ཚོགས་ཀྱིས་བོད་ཀྱི་བུད་མེད་སྒེར་ལངས

སུད་སིའི་བུད་མེད་ལྷན་ཚོགས་ཀྱིས་བོད་ཀྱི་བུད་མེད་སྒེར་ལངས་བྱས་ནས་ལོ་འཁོར་ལྔ་བཞི་ལོན་པའི་དུས་དྲན་དེ་རིང་དགོང་དྲོ་འཛུ་རིག་གྲོང་ཁྱེར་གྱི་ས་གནས་ werdmullerplatz སུ་རི་ཀོང་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་སུད་སིའི་མི་མང་ཚོགས་པའི་ཚོགས་གཙོ་གངས་གཞོན་ཚང་བློ་བཟང་དང་ཚོགས་གཞོན་བསམ་པ་དོན་འགྲུབ། གཞན་སྤྱི་མཐུས་ཟུར་ཁག་ཅིག  གསར་དུ་འདེམས་ཐོན་བྱུང་བའི་བུད་མེད་ཚོགས་པའི་ཚོགས་གཙོ་བདེ་ཆེན་རབ་གསལ་ལགས་དང་ཚོགས་གཞོན་གངས་གཞོན་ཚང་བཀྲ་ཤིས། དེ་བཞིན་ས་གནས་མི་མང་ཉིས་བརྒྱ་ལྷག་ཅིག་ནས་གཙི་སྲུང་བྱས་སོང་།

དུས་དྲན་བརྩི་སྲུང་གི་དབུ་འཛུགས་གཏམ་བཤད་དེར་རྡ་རམ་ས་ལའི་དབུས་བུད་མེད་ལྷན་ཚོགས་ཀྱི་གསུངས་འཕྲིན་སྒྲོགས་སྦྱང་གནང་སོང་ལ་དེའི་རྗེས་འབོད་སྒྲ་གཅིག་གི་འོག་ནས་སྐད་འབོད་རྒྱག་ཞོར་རྒྱ་ནག་དོན་གཅོད་ཁང་བར་དུ་ལས་འགུལ་དེར་ཞུགས་མཁན་རྣམས་ཀྱིས་ཡྰང་ལ་དམར་པོ་མཆོད་མེ་ཡི་ཚུད་དུ་བཟུང་ནས་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཞུས་སོང་། ལམ་བར་དུ་བུད་མེད་སྒེར་ལངས་ཀྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འཁོད་པའི་ཡིག་ཆ་ཤོག་ལེབ་སྟོང་གཉིས་ལྷག་ཅིག་ས་གནས་མི་མང་ལ་བཀྲམ་ཐུབ་པ་བྱུང་འདུག 

རྒྱ་ནག་དོན་གཅོད་ཁང་གི་མདུན་དུ་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་སྔོན་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ངག་བཅད་སྐར་མ་གཅིག་གི་རིང་བྱས་རྗེས། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོས་བུད་མེད་ལྷན་ཚོགས་ཀྱི་ལས་འགུལ་འདི་གོ་སྒྲིག་ཞུ་དགོས་དོན་དང་མ་འོངས་པར་བུད་མེད་ཀྱི་ལས་འགུལ་འདིར་མི་མང་གང་མང་མང་ཕེབས་ཐུབ་པའི་འབོད་སྐུལ། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་སུད་སིའི་གཞུང་གཙོ་བྱས་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་དོན་ཐད་རྒྱབ་སྐྱོབ་ཡོང་པའི་འབོད་སྐུལ་གྱི་གསར་འགོད་གསལ་བསྒྲགས་འཇར་མན་ཡི་གེའི་ནང་དུ་སྒྲོག་སྦྱངས་གནང་རྗེས་མཁན་རིན་པོ་ཆེས་གཙོས་མི་མང་ཚོགས་གཞོན་བསམ་པ་དོན་འགྲུབ་དང་བུད་མེད་ཚོགས་གཙོ་སོགས་ཀྱི་གསར་འགོད་གསལ་བསྒྲགས་དེ་རྒྱ་ནག་གཞུང་ཚབ་ཀྱི་ཡིག་སྒམ་དུ་བླུགས་སོང་།

མཐར་རི་ཀོན་མཁན་རིན་པོ་ཆེས་དབུ་མཛད་གནང་ནས་བོད་ཀྱི་སྔོན་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་སྨོན་ལམ་དང་ཚད་མེད་ཡོན་ཏན་སོགས་སྨོན་ལམ་གྱི་ལས་རིམ་གྲོལ་རྗེས་མི་མང་ལངས་གླུ་དང་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུའི་དབྱངས་རྟའི་འོག་ལས་འགུལ་དེ་ཡོངས་སུ་མཇུག་རྫོགས་སོང་།

 ཀླུ་རྒྱལ་དོན་འགྲུབ་ཀྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 1 སྡོམས་རོགས།