སུད་སི་ས་གནས་ཧོར་གྷན་དུ་བོད་མི་འབྱོར་ནས་ལོ་ངོ་ ༤༠ ཧྲིལ་པོ་འཁོར་བའི་དུས་དྲན་གྱི་མཛད་སྒོ་སྲུང་བརྩི་ཟབ་རྒྱས་ངང་ཞུས་པ།
ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༨ རེས་གཟའ་སྤེན་པའི་ཉིན་རྒྱབ་ཚོུད་ ༡༤ཐོག་མཛད་སྒོ་དབུ་ཚུགས་ཞུས་ནས་ཕྱི་ནང་སྐུ་མགྲོན་རྣམས་པས་༸བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་མཆེན་པོ་མཆོག་གི་༸སྐུ་པར་རིན་པོ་ཆེར་མཇལ་དར་འབུལ་རྗེས་རི་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་རྣམ་པས་དབུ་མཛད་ནས་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཞབས་བརྟན་དང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་རང་སྲོག་དོར་བ་རྣམས་ཀྱི་ཆེད་སྨོན་ལམ་གསུང་གནང་མཛད་རྗེས་ བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་དུས་དྲན་ཆེད་ཆེད་རྩོམ་ཞུས་པས་ཧོར་གྷན་ལོ་ངོ་ ༤༠ འཁོར་བའི་མཉམ་གཞས་ཞིག་གཟིགས་འབུལ་ཞུས། དུས་དྲན་གོ་སྒྲིག་ཚོགས་གཙོ་དབང་ཁང་བཀྲིས་རྡོ་རྗེ་ལགས་ནས་དུས་དྲན་དང་འབྲེལ་བའི་ཧོར་གྷན་ནང་བོད་རིགས་ཐོག་མར་འབྱོར་ནས་ད་བར་སུད་སི་གཞུང་དང་མི་མང་ས་གནས་གཞུང་བཅས་ནས་རྒྱབ་བསྐྱོར་རིམ་པ་གནང་བར་ཧོར་གྷན་བོད་རིགས་མི་མང་གི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་ལེགས་འབུལ་ཡང་འབུལ་གནང་ཡོད་པ་རེད། ཧོར་གྷན་ནང་འབྱོར་ནས་ལོ་ངོ་༤༠ཧྲིལ་པོ་འཁོར་བའི་བོད་རིགས་ཐོག་མར་འབྱོར་མཁན་རྣམས་ལ་བཀྲིས་མཇལ་དར་དང་ཕྱག་རྟགས་འབུལ།
བོད་ཀྱི་ཐོུང་མ་ཡིན་པས་དེང་དུས་སྒྱུ་རྩལ་གྱི་འགྲེམ་སྟོན་ཁག་དང་ ཕུན་ཚགས་ཚེ་རིང་ལགས་ཀྱི་༼བོད་སྐྱེ་རྒུ་མདོར་ས་ཡོམ་མ་བྱུང་གོང་དང་རྐྱེན་ངན་བྱུང་རྗེས་ཀྱི་༽ གློག་བརྙན་གཟིགས་འབུལ་ཞུས། མི་མང་འདུ་འཛོམས་ ༥༠༠ ལྷག་ཕེབས་ཡོད་པ་དང་ས་གནས་ཧོར་གྷན་ཟློས་གར་དང་བོད་ཡིག་སློབ་གྲྭ་བཅས་ནས་རིམ་བཞིན་གསུང་གཞས་དང་ཞབས་གཞས་གནང་། ཕྱི་ནང་སྐུ་མགྲོན་རྣམས་ནས་གསུང་བཤད་གནང་པ་དང་ ཨ་རི་ནས་ཆེད་མགྲོན་འབོད་ཞུས་པས་གཞས་པ་སྙན་གྲགས་ཅན་ཕུར་བུ་རྣམ་རྒྱལ་ལགས་ནས་དེང་དུས་ཀྱི་གསུང་གཞས་སྣ་ཚོགས་གཟིགས་འབུལ་ཞུས་སྐབས་མང་ཚོགས་ནས་སྡིངས་ཆའི་སྟེང་ཞབས་གཞས་གནང་ནས་ཚོུད་ ༡༢ ཡོལ་ཙམ་བར་སྤྲོ་སྐྱིད་གནང་རྗེས་མཛད་སྒོ་ལེགས་སྒྲུབ་ཟིན་ཡོད། འདྲ་པར་ཁག་་
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།