སུད་སི་ས་གནས་ཧོར་གྷན་ཚོགས་ཆུང་བོད་རིགས་མི་མང་གི་འདི་ལོའི་རྩེད་འགྲན་ཉིན་གཉིས་གནང་བ།

ས་གནས་ཧོར་གྷན་དུ་ཕྱི་ཟླ་ ༨ ཚེས་ ༢༥/༢༦ ཉིན་གཉིས་རིང་ས་གནས་ཀྱི་རྩེད་ཐང་དུ་ཚེས་ ༢༤ སྔ་དྲོ་རུ་ཁག་བཅོ་ལྔ་ནས་རྐང་སྤོལ་འགྲན་སྡུར་གནང་། དགོང་དྲོའི་ཕྱག་ཚོད་བརྒྱད་པ་ནས་ཕྱི་དྲོའི་མཛད་རིམ་དབུ་འཛུགས་གནང་། སགནས་ཀྱི་མི་འཐུས་ནས་གཟིགས་མོ་བ་ཁག་ལ་དགའ་བསུའི་གསུང་བཤད་དང་ཐུགས་རྗེ་ལེགས་འབུལ་ཁག་གནང་། ཧོར་གྷན་ཟློས་གར་དང་བོད་སློབ་ནས་རིགས་གཞུང་གཞས་སྣ་འཁྲབ་སྟོན་གནང་། སྐབས་འདིར་ས་གནས་གང་ས་ནས་རྩེད་མོ་བ་དང་གཟིགས་མོ་བ་ཧ་ཅང་མང་པོ་ཕེབས་ཡོད་པ་དང་། གཞས་སྣ་ཁག་འཁྲབ་སྟོན་རྗེས་རྩེད་འགྲན་པ་ཨང་དང་གཉིས་གསུམ་ལ་ལེགས་སྐྱེས་གསོལ་རས་གནང་། འདི་ལོའི་ཨང་དང་པོ་དེ་ས་གནས་སྦེརན་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད། ཕྱི་ཚེས་ ༢༦ ཉིན་སྔ་དྲོ་ལག་སྤོལ་རྩེད་འགྲན་དང་དེ་བཞིན་ཕྲུ་གུའི་རྩེད་རིགས་འདྲ་མིན་གནང་ནས་ཆུ་ཚོད་༡༧ཙམ་ལ་འདི་ལོའི་ས་གནས་བོད་རིགས་མི་མང་གི་རྩེད་འགྲན་འཇུག་སྒྲིལ་གནང་ཡོད་པ་རེད། འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 6 སྡོམས་རོགས།