སུད་སི་ས་གནས་འཐུས་ཚོགས་(གྲོས་ཚོགས་)རྒྱལ་ཁའི་ངང་ལེགས་གྲུབ་ཟིན་པ།

༢༠༡༩་༡༠་༥་ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ལོ་དུས་གཉིས་པའི་ས་གནས་འཐུས་ཚོགས་ཚོགས་ཐེངས་དང་པོ་ཚོགས་ཡོད་པ་རེད།
དུས་ཚོད་ ༡༠་པའི་ཐོག་འཐུས་མི་རྣམས་ཀྱིས་བོད་ཆས་བསྣབས་སྟེ་ གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།

བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་མི་རིགས་དང་རྒྱལ་ཁབ་ཀྱིཆེད་དུ་གཤེགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་སྐར་མ་གཅིག་བྱས།
དུས་ཚོད་ ༡༠།༡༥ ཚོགས་དྲུང་ནས་ཚོགས་འདུའི་གྲུབ་ཆ་ཚང་་ཡོད་མེད་སྙན་སེང་ཞུས་རྗེས་ ཚོགས་གཙོ་ལགས་ཀྱིས་བརྗོད་བྱ་བཞི་ཡི་ཐོག་དུ་འཚོགས་འདི་དབུ་འཛུགས་གནང་སོང་།
སྐབས་༡༧པའི་ལོ་དུས་དང་པོའི་ཚོགས་འདུ་ཐེངས་དང་པོའི་སྟེང་སྤྱི་ཁང་གི་ཆེད་དུ་བཞག་པའི་གྲོས་ཆོད་ལ་མཇུག་བསྡོམས།
ས་གནས་ཁག་གི་བོད་ཡིག་སློབ་གྲ་དང་ བོད་རིགས་མི་མང་གི་གསར་འཕྲིན་དང་དྲ་རྒྱ་ བོད་རིགས་མི་མང་གི་ཟློས་གར་ཚོགས་པ་བཅས་ཡར་རྒྱས་ཇི་ལྟར་གཏང་དགོས་སམ། དགོས་ཚེ་ཇི་ལྟར་གནང་དགོས་མིན་ཐད་ སྡེ་ཚན་ཁག་གི་སྤྱི་ཁྱབ་འགན་འཛིན་རྣམས་པས་དགོས་འདུན་ལས་འཆར་སྙན་གསེང་ཞུས་རྗེས་ འཐུས་མི་རྣམས་པས་དྲི་བ་ལ་ལན་འདེབས་སོགས་གནང་ཡོད་པ་རེད་།།

བོད་རིགས་མི་མང་གི་བོད་དྲུང་མཆོག་ཁོ་རྡོ་རྗེ་ཡིས་བོད་དྲུང་ནས་དགོངས་པ་ཞུས་ཡོད་པ་དང་མེ་གླིང་བཀྲ་ཤིས་ཟླ་བ་ལགས་བོད་དྲུང་གསར་བར་བསྐོ་གཞག་གནང་ཡོད་བ་རེད།
ས་གནས་གྷེ་ལ་རུ་སེ་ནས་ སྐབས་ ༡༧ པའི་འཐུས་མི་འོས་འདེམས་སྐབས་ ཁམས་པ་ཐུབས་བསྟན་ལགས་དང་ཆང་བསྟན་བློ་གྲོས་ལགས་རྣམས་གཉིས་སུ་འོས་ཆ་མཉམ་ཐོབས་པར་བརྟེན་ འཐུས་མི་ཕྱག་ལས་ལོ་ ༣ དེ་ལོ་གཅིག་དང་ཕྱེད་ཀ་རེ་གནང་རྒྱུ་ཡིན་འདུག མེ་གླིང་བཀྲིས་ཟླ་བ་ལགས་དང་ ཆང་བསྟན་བློ་གྲོས་རྣམས་གཉིས་ནས་དམ་འབུལ་གནང་ཡོད་པ་རེད།།

གསར་འགོད་པ་ ཝང་དཀར་ཚེ་རིང།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 1 སྡོམས་རོགས།