སུད་སི་ས་གནས་མཎེ་ཌོབ་ཏུ་གཟབ་སྦྱོང་གནང་བ།

ཉིན་གཉིས་རིང་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་འཐུས་ཚོགས་སྐབས་བཅུ་བཞི་པའི་ས་འཐུས་ཚོར་སྒྲིག་གཞི་གཟབ་སྦྱོང་ཞིག་གནང་ཡོད་པ་དང། འཐུས་མི་རྣམས་ལོ་གསུམ་རིང་སྤྱི་དོན་ཐོག་ལས་དོན་ཡར་རྒྱས་ཚག་འཚུད་ཡོང་ཐབས་སུ་དགོངས་བཞེས་གནང་བ་ཞིག་ཡིན། ཐེངས་འདིའི་ཚོགས་གཙོ་མེ་མིསི་ཧོ་ཕར་པ་སངས་ལགས་དང། ཚོགས་གཞོན་ཞི་སྲས་ཚང་བློ་བཟང་ལགས་གཉིས་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན། གཟབ་སྦྱོང་གནང་མི་ཡུ་རོབ་ཕྱོགས་བཞུགས་སྤྱི་འཐུས་སྨོན་མཁར་བསོད་ནམས་ལགས་དང། གསར་འཕྲིན་རྩོམ་སྒྲིག་པ་གླང་འཕྲོས་བསྟན་འཛིན་ལགས། འཐུས་ཚོགས་ཀྱི་ཚོགས་དྲུང་ཟུར་པ་བསམ་པ་དོན་འགྲུབ་ལགས་བཅས་ཡིན། ཚོས་ ༡༦ རེས་གཟའ་སྤེན་པར་ཞོགས་པ་ཚོུད་ ༡༠ ཙམ་ནས་ཚོག་ཁག་གསུམ་དུ་བགོས་ནས་ལས་རིམ་འགོ་འཛུགས་གནང་སོང་བ་དང། ཉིན་གུང་གསོལ་ཚིགས་བར་སེང་དང་དེ་ནས་ཕྱི་དྲོ་ཚུདོ་ ༡༨ མ་ཟིན་ཙམ་བར་
གནང་སོང། སྒྲིག་གཞི་ཁག་གི་ནང་དོན་མ་ཕྱིན་གོང་བོད་ཀྱི་གནས་སྟངས་ལ་སོགས་པའི་མི་རིགས་དང༌། ལམ་ལུགས་བྱུང་རིམ་ངོ་སྤྲོད་གསལ་པོ་གནང་སོང་ལ། དེ་ནས་རིམ་བཞིན་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་སྒྲིག་གཞི་དང་འཐུས་ཚོགས་ཀྱི་སྒྲིག་གཞི་སོགས་ཟབ་འཁྲིད་དང་དོགས་གཅོད་སོགས་འཐུས་མི་རྣམས་ཀྱི་ཐུགས་འདོད་ཁེངས་པོ་བྱུང་སོང་བ་བཅས་དང༌། ཕྱི་ཚེས་༡༧ ཞོགས་ཇའི་རྗེས་གཟབ་སྦྱོང་གནང་མི་དང། འཐུས་མི་རྣམ་པས་དགོངས་ཚུལ་འཚོར་སྣང་ཇི་བྱུང་སྤེལ་རེས་གནང༌། ཉིན་གུང་གསོལ་ཚིགས་མཉམ་བཞེས་གནང་ནས་རང་གནས་སུ་ཕེབས་པ་དང། འཐུས་མིའི་རྒྱུན་ལས་རྣམས་མུ་མཐུད་ལྷན་ཚོགས་གནང་སོང་བ་བཅས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 8 སམས་རགས།