སུད་སི་ཛུ་རིག་རྒྱ་ནག་གཞུང་ཚབ་མདུན་དུ་ལས་འགུལ་སྤེལ་བ།

ཕྱི་ལོ་༢༠༢༠་ཟླ་ ༡༠ པའི་ཕྱི་ཚེས་ ༠༡ རེས་གཟའ་ཕུར་བུའི་དགོང་དྲོ། རྒྱལ་སྤྱིའི་ནང་རྒྱ་ནག་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་གྱི་ཡོད་པ་དང་བསྟུན། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་ཛུ་རིག་གྲོང་ཁྱེར་དུ་རྔམ་སྟོན་ཁྲོམ་སྐོར་ཞིག་གནང་སོང། ཚེས་༡ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༡༨།༠༠ ཐོག་ Werdmühleplatz Zürich དུ་མི་མང་ ༢༠༠ ལྷག་འདུ་འཛོམས་བྱས་སྟེ་བོད་རིགས་མི་མང་གི་ཚོགས་གཙོ་མཆོག་གིས་སྐད་འབོད་ངོ་སྤྲོད་མདོར་བསྡུས་དང་ཕེབས་ལམ་ཁ་རས་གྱོན་དགོས་པའི་སྐུལ་མ་གནང་སོང་ལ་དབྱིན་སྐད་ནང་མགོ་གཙོ་རྣམ་པ་དང་མི་མང་རྣམས་ལ་མཚམས་འདྲིའི་ཐོག་ཆུ་ཚོད་དྲུག་དང་སྐར་མ་བཅོ་ལྔའི་ཐོག་མི་མང་རུ་སྒྲིག་གིས་ངར་ཤུགས་ཆེན་པོས་བོད་ཀྱི་བདག་པོ་མི་ཡིན། རྒྱ་དམར་བོད་ནས་ཕར་རྒྱུགས་ཅེས་སྐད་ཤུགས་ཆེན་པོའི་རྒྱ་ནག་གཞུང་ཚབ་ཕྱོགས་སུ་གོམ་འགྲོ་བྱས་སོང་།

ཆུ་ཚོད་དྲུག་དང་སྐར་མ་ལྔ་བཅུ་ང་ལྔའི་ཐོག་རྒྱ་ནག་གཞུང་ཚབ་མདུན་ཐང་དུ་འབྱོར་མ་ཐག་བོད་རྒྱལ་ཁབས་ཆེན་པོའི་རྒྱལ་གླུ་བཏང་རྗེས་བོད་རྒྱལ་ལོ་ཞེས་ཐེངས་མང་སྐད་འབོད་པ་དང་སྦྲགས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་སྐར་གཅིག་རིང་ངག་བཅད་མྱ་ངན་ཞུས།

དེ་ནས་ཡང་སྐད་འབོད་ཤུགས་ཆེན་གནང།
ཡོ་རོབ་ས་གནས་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་མཆོག་ནས་དེ་རིང་ནི་རྒྱ་ནག་དམར་གཞུང་ཕྱི་ལོ་ ༡༩༤༩ ལོ་ལ་རྒྱལ་ཁ་ཐོབ་ཏེ་་སྤྱི་ཟླ་ ༡༠་པའི་ཚེས་ ༠༡ ཉིན་གནམ་སྡེ་སྒོ་མོ་ཆེའི་འགྲམ་དུ་མའོ་ཙེ་ཏུང་གིས་དེ་རིང་རྒྱ་ནག་རྒྱལ་ཁབ་ཀྱི་ཉིན་མོ་ཡིན་ཞེས་གསལ་བསྒྲགས་བྱས་པ་རེད། དེ་ནས་ད་བར་དམར་གཞུང་ནས་རྒྱལ་ཁབ་ཉིན་མོ་སྲུང་བརྩི་བྱེད་བཞིན་ཡོད་པ་རེད། དེའི་ཉིན་མོ་དེ་རྒྱལ་སྤྱི་ནང་རང་བཙན་གཙང་མའི་རྒྱལ་ཁབ་མཚོན་གྱི་ཡོད་པ་རེད། ཡིནའང་ང་ཚོ་བོད་པའི་གནས་སྟང་དེ་དང་འདྲ་ཡི་མེད་པ་སོང་ཚང་མས་རིག་པ་སྒྲིམ་དགོས་པའི་དྲན་གསོ་ཞིག་རེད། དེ་རིང་རྒྱ་དམར་དགའ་སྐྱིད་གཏོང་པའི་དུས་ཡིན་ཡང་ང་ཚོ་བོད་ཀྱི་གནས་སྟངས་ལ་བསམ་ན་སྡུག་དགོས་པ་རེད། ཡིན་ན་ཡང་དེ་རིང་རྒྱལ་སྤྱིའི་ནང་རྒྱལ་ཁབ་༥༠ ལྷག་དང་གྲོང་ཁྱེར་ ༩༠ ཙམ་ནང་ངོ་རྒོལ་སྐད་འབོད་བྱེད་ཀྱི་་ཡོད་པ་རེད། རྒྱ་ནག་དམར་གཞུང་འདི་ར་ཤི་ཡ་ལྟར་་འགྱུར་རྒྱུ་རེ་བ་ཆེན་པོ་རྒྱབ་ཡོད་པ་རེད། ང་ཚོས་ཀྱང་དེ་བཞིན་རྒྱ་ནག་ར་ཤི་ཡ་ནང་བཞིན་ཁ་འཐོར་རྒྱུ་རེ་དགོས་པ་རེད། སུད་བོད་མཐུན་གྲོགས་ཚོགས་པའི་སྐུ་ཞབས་ཊོ་ནིའི་རིལ་མཆོག་ནས་གསུང་བཤད་ནང་སྤྱི་ལོ་ ༡༩༤༩ ལོའི་མའོ་ཙེ་ཏུང་གིས་་ཁྱབ་སྒྲོགབྱས་རྗེས་ ༡༩༥༠ ལོ་བོད་པ་ཟ་འགོ་བཙུགས་པ་རེད། ༡༩༥༩ བོད་རྒྱལ་ཁབ་ཤོར་ཏེ་ བཙན་བྱོལ་དུ་ཕེབས་དགོས་བྱུང་རྗེས་ ༡༩༦༠ ལོ་བོད་པ་ ༨༠༠༠ ལྷག་སུད་སི་ནང་འབྱོར་ཡོད་པ་རེད་སོགས་གསུངས། བུད་མེད་ཚོགས་པའི་ཚོགས་གཙོ་དང་གཞོན་ནུ་ཚོགས་པའི་ཚོགས་གཙོ་བཅས་ནས་

གསུང་བཤད་གནང་རྗེས་སྐད་འབོད་ཤུགས་ཆེ་གནང།
མཐར་བདེན་ཚིག་སྨོན་ལམ་འདོན་ཚར་བ་དང་བོད་རིགས་མི་མང་གི་ཚོགས་གཙོ་མཆོག་ནས་མཇུག་སྡོམ་གསུང་བཤད་གནང་རྗེས་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་སོང།

གསར་འགོད་པ་ཝང་དཀར་ཚེ་རིང།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 6 སམས་རགས།