སུད་སི་བོད་རིགས་མི་མང་ནས་གདུང་སེམས་མཉམ་སྐྱེད་མཆོད་འབུལ་ཞུས་པ།

ཕྱི་ལོ་ ༢༠༡༣ ཟླ་བ་ ༤ པའི་ཚེས་ ༢༡ རེས་གཟའ་ཉི་མ་ཕྱི་དྲོའི་ཆུ་ཚོད་ ༡༧།༠༠ ནས་ ༡༨།༣༠ བར་རི་ཀོན་ཆོས་འཁོར་དགོན་དུ་མཁན་རིན་པོ་ཆེས་དབུས་པའི་དགེ་འདུན་རྣམ་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག ཕྱི་དྲིལ་བཀའ་བློན་མཆོག། སྤྱི་འཐུས་རྣམ་གཉིས། སྤྱི་ཟུར་རྣམ་པ། སྐུ་ཚབ་དོན་གཅོད། མི་མང་ཚོགས་གཙོ་དང་ཚོགས་གཞོན། ས་མཐུས་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ། རང་རིགས་མི་མང་བཅས་མི་གྲངས་ ༣༠༠ ཙམ་རྒྱས་འཛོམས་ཐོག་བོད་མི་རིགས་དང་། བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་ལུས་མེར་བསྲེགས་གཏོང་གནང་མཁན་དཔའ་བོ་དཔའ་མོ་ཚོའི་ཆེད་མཆོད་འབུལ་གསོལ་ཚོགས་དང་སྨོན་ལམ། ༸རྒྱལ་བའི་ཞབས་བརྟན། ཡིག་དྲུག་མཎི་གང་མང་བསགས་བསྒྲུབས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མི་མང་རྣམས་
ལ་བཀའ་སློབ་གནང་བ་བཅས་ཀྱི་གནས་བསྡུས་སུ་ས་གནས་རི་ཀོན་ས་མཐུས་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 4 སྡོམས་རོགས།