སུད་སི་བོད་རིགས་མི་མང་དགུ་བརྒྱ་ལྷག་ནས་འཛུ་རིག་ཏུ་ཞི་རྒོལ་གནང་པ།

གྲོང་ཁྱེར་འཛུ་རིག་ཝེར་སྡེ་མུན་ཙི་སྤལཛི་ཞེས་པར་ཚང་འཛོམས་གནང་ནས་མི་མང་ཚོགས་གཞོན་བསམ་པ་ལགས་ནས་མཚམས་འདྲི་དང་ལས་རིམ་ངོ་སྤྲོད་ཞུས་རྗེས་མི་མང་ཚོགས་གཙོ་གངས་གཞོན་ཚང་བློ་བཟང་ལགས་ནས་ཞི་རྒོལ་དང་འབྲེལ་མཉམ་འཛོམས་གནང་དགོས་པས་དགོས་དོན་གསུང་བཤད་གནང་། དེ་བཞིན་སུད་སི་གཞུང་དང་ལྗང་ཁུ་ཚོགས་པའི་སྤྱི་འཐུས་སྐུ་ཞབས་བྷལ་ཧསར་བྷེལེཏལི་མཆོག་ནས་བོད་ནང་བོད་རང་དབང་དོན་ལུས་སྲོག་མཆོད་མེར་འབུལ་མཁན་རྣམས་ཀྱི་ཆེད་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དེར་རྒྱབ་བསྐྱོར་ཞུས་ཀྱི་ཡོད་པས་གསུང་བཤད་ཀྱང་གནང་ཡོད། མི་མང་རྣམས་ལག་ཏུ་རྒྱལ་དར་དང་འཕྲད་དར་མར་མེ་བཅས་མཉམ་འཁྱེར་ཐོག་རྒྱ་མིའི་གཞུང་ཚབ་བར་གོམས་བགྲོད་གནང་། གཞུང་ཚབ་གདོང་གཞུང་འབྲེལ་ཚིག་དོན་ཐོག་ཞི་བའི་སྐད་འབོད་གནང་པ་དང་རི་ཀོན་ཆོས་འཁོར་གྱི་མཁན་བླ་དགེ་འདུན་རྣམ་པས་དབུས་མང་ཚོགས་ནས་ཞལ་འདོན་གསུང་། མི་མང་ཚོགས་གཙོས་ཞུ་སྐུལ་སྙན་ཤོག་ལྗགས་གློག་གནང་པ་དང་རིམ་བཞིན་གསུང་བཤད་ཁག་གནང་། མུ་འཐུས་ཞི་བའི་སྐད་འབོད་དང་དེ་རྗེས་མི་མང་ཟློས་གར་ནས་འགོ་ཁྲིད་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བ་དང་ཚོགས་གཙོས་མཐའ་བསྡོམས་ལས་རིམ་གྱི་གསུང་བཤད་རྗེས་ལས་རིམ་ཁག་མཇུག་སྒྲིལ་གནང་ཡོད། འདྲ་པར་་་
Pressemitteilung
Eveline Widmer-Schlumpf
H.E. Navanethem Pillay
Mr. Wu Ken 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 3 སྡོམས་རོགས།