སུད་སི་བོད་ཡིག་སློབ་གྲྭའི་ཉིན་མོ་བསྲུང་བརྩི་ཞུས་པ།

༄༅། །སུད་སི་ས་གནས་ནེ་འཕེལ་ནང་བོད་སློབ་ཉིན་མོ་ཞིག་བསྲུང་བརྩི་ཞུས་ཡོད་པ་རེད། སྐུ་མགྲོན་དུ་ཡོ་རོབ་སྤྱི་འཐུས་སྨོན་མཁར་བསོད་ནམས་ལགས་དང་མི་མང་གི་ཚོགས་གཙོ་སྐར་མ་ལགས་ཚོགས་གཞོན་ཀ་རང་བསྐལ་བཟང་ལགས་བཅས་ཕེབས་ཡོད་པ་དང༌། དེ་བཞིན་བོད་སློབ་འགན་འཛིན་ཁག་དང་མི་མང་༤༠༠ ལྷག་ཕེབས་ཡོད་པ་རེད། ཐོག་མར་ཚོགས་ཆུང་ཁག་གི་སློབ་ཕྲུག་ཁག་ནས་གཞས་སྣ་འདྲ་མིན་དང་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཁྲབ་སྟོན་བཅས་རྒྱས་པ་གནང་ཡོད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 6 སམས་རགས།