སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་མི་མང་ལྷན་འཛོམས་གྱི་དུས་ཆེན་སྲུང་བརྩི་གནང་།

༄༅། །སྤྱི་ལོ་ ༢༠༡༩ ལོའི་ཟླ་ ༩ ཚེས་ ༡༤ ཉིན་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་གོ་སྒྲིག་འོག་ས་གནས་མི་མང་ལྷན་འཛོམས་ཀྱི་དུས་ཆེན་སྲུང་བརྩི་ཐེངས་ ༣༢ པ་དེ་བཞིན་རི་ཀོན་སློབ་གྲྭའི་ཚོགས་ཁང་ནང་སྐོང་ཚོགས་གནང་ཡོད་ཅིང་། ཐེངས་འདིའི་མཛད་སྒོའི་ཐོག་རྒྱ་གར་ནས་ཆེད་དུ་གདན་ཞུའི་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་དང་དབུས་སྤྱི་ཁྱབ་སློབ་སྟོན་མ་སྐུ་ངོ་སྒྲོལ་མ་ཚེ་རིང་མཆོག་དང་། སྐུ་མགྲོན་གཙོ་བོ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་སྤྱི་ཁྱབ་ཚོགས་གཙོ་བྱམས་པ་ཆོས་འཕེལ་མཆོག་དང་དབུས་རྒྱུན་ཟླ་བ་ཚེ་རིང་ལགས། ས་གནས་ཀྱི་གནད་ཡོད་སྐུ་མགྲོན་རེ་ཀོན་མཁན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཀེའུ་ཚང་རིན་པོ་ཆེ་མཆོག ཡོ་རོབ་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་ཚེ་རིང་མཆོག་གིས་དབུས་པའི་སྤྱི་ཟུར་རྣམ་པ། སུད་སི་དང་ལིག་ཏེན་སིཊཡན་བོད་རིག་མི་མང་གི་ཚོགས་གཙོ་མཆོག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོའམ་སྐུ་ཚབ་རྣམ་པ། རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་གྲགས་ཅན་དཔའ་བོ་སྟག་སྣ་འཇིགས་མེད་བཟང་པོ་མཆོག་དང་། ཡོ་རོབ་སྦེལ་འཇམ་དབུས་གཙང་ཆོལ་ཁའི་ཚོགས་གཙོ། ཧྥ་རན་སི་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་དང་ས་རྒྱུན། གཞན་ཡང་ས་གནས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ཁྱབ་ཁོངས་ཀྱི་ཚོགས་སྐྱིད་ཁག་གི་ཚོགས་གཙོའམ་སྐུ་ཚབ་རྣམ་པ་གཙོ་བོར་གྱུར་པའི་ཁུལ་འདིའི་མི་མང་བཞི་བརྒྱ་ལྷག་ཙམ་ལྷན་འཛོམས་བྱུང་ཡོད་པའི་ཐོག ས་གནས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ཚོགས་གཙོ་མཆོག་ནས་ཐེངས་འདིའི་དུས་ཆེན་སྲུང་བརྩི་དང་འབྲེལ་བའི་དབུ་འཛུགས་གསུངས་བཤད་གྲུབ་རྗེས། སྐུ་མགྲོན་རྣམ་པའི་བཀའ་སློབ་དང་། དྲི་བ་དྲི་ལན་གནང་ཞིང་། དེ་རྗེས་ས་གནས་དབུས་གཙང་ཆོལ་ཁའི་ཁྱབ་ཁོངས་ཚོགས་སྐྱིད་ཁག་ནས་གཞས་སྣ་གཟིགས་འབུལ། རྒྱན་ཤོག་བཙོངས་པའི་བྱ་དགའ་གསོལ་རས། དེ་བཞིན་ཚོགས་གཞོན་མཆོག་ནས་སྐུ་མགྲོན་རྣམ་པས་དབུས་དང་བླངས་ཞབས་ཞུ་བ་རྣམས་དང་། ས་གནས་ནས་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུངས་བཤད། མི་མང་ནས་དགའ་སྤྲོའི་མཇུག་སྒྲིལ་གྱི་སྒོར་གཞས་དང་བཅས་ཐེངས་འདིའི་མི་མང་ལྷན་འཛོམས་ཀྱི་མཛད་སྒོ་དེ་བཞིན་མཐུད་སྒོ་ཕུན་སུམ་ཚོགས་པའི་ངང་མཇུག་བསྒྲིལ་ཐུབ་པ་བྱུང་ཡོད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 5 སྡོམས་རོགས།