བོད་རྒྱལ་ལོ་ ༢༡༤༧ ཕྱི་ལོ་ ༢༠༢༠ ལོའི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་སྐབས་ ༡༧ པའི་ལོ་དུས་གསུམ་པའི་ས་གནས་འཐུས་ཚོགས་ཐེངས་ ༡ པོའི་གྲོས་ཆོད་གྲོས་འཆར།

བོད་རྒྱལ་ལོ་ ༢༡༤༧ ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༥ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་འཐུས་ཚོགས་སྐབས་ ༡༧ པའི་ལོ་དུས་གསུམ་པའི་གྲོས་ཚོགས་ཐེངས་ ༡ པོ་ས་གནས་ཤ་ཧྥོ་སན་སེནཊ་ཀོན་རཊ་ཚོགས་ཁང་དུ་སྔ་དྲོ་ཆུ་ཚོད་ ༡༠ པ་ནས་ ༡༢།༠༠ བར་གྲོས་ཚོགས་དངོས་གཞི་དབུ་འཛུགས་གནང་།

ཐོག་མར་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ནས་མཛད་རིམ་སྙན་སྒྲོན་ཞུས། དེའི་རྗེས་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་ཚོགས་བཅར་བ་རྣམས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱལ་གཅེས་དཔའ་བོ་དཔའ་མོོའི་རྣམས་ཀྱི་ཆེད་དུ་ངག་བཅད་མྱ་ངན་སྐར་མ་གཅིག་གནང་། དེ་རྗེས་ཚོགས་དྲུང་ནས་ཚོགས་འདུ་གྲུབ་ཆ་ལོང་ཡོད་མེད་སྙན་གསང་ནས་འཐུས་མི་གཅིག་དགོངས་པ་ཞུས་པ་ལས་ དེ་མིན་ཚོགས་གཙོ་གཞོན་གཙོས་པའི་ཚོགས་ཞུག་ ༢༦ འདུག།

དཔལ་ལྡན་ཚོགས་གཙོ་མཆོག་གི་ལས་རིམ་དངོས་གཞི་དབུ་འཛུགས་གནང་། ཚོགས་གཙོ་མཆོག་ནས་མུ་མཐུད་གསུང་དོན་ད་ལོའི་ནད་ཡམས་རྐྱེན་པས་འཛམ་གླིང་གང་སར་དཀའ་ངལ་འོག་ ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་མི་མང་ནས་བསྲུང་བརྩི་ཞུ་ཐུབ་པ་བྱུང་ཡོད་ལ་ མ་ཟད་སུད་སི་གཞུང་གི་འཕྲོད་བརྟེན་བཀོད་ཁྱབ་གཞིར་ཟུང་གྲོས་ཚོགས་དངོས་གཞི་སྐབས་བཀའ་མོལ་གུས་ཞབས་དང་ལྡན་པའི་ཐོག་ནས་གནང་རོགས་ཞེས་དང་། དེ་རིང་ཚོགས་ཡུལ་ས་གནས་ཤ་ཧྥོ་སན་ཚོགས་ཆུང་ནས་མཐུན་འགྱུར་གནང་བ་དང་། འཐུས་མི་རྒྱ་རྡོ་རིན་ཆེན་ལགས་ཀྱིས་ཉིན་གུང་ཞལ་ལག་སྦྱིན་བདག་གནང་བ་ལ་ཐུགས་རྗེ་ཆེ་ཞེས་གསུངས། ལས་རིམ་ཚོགས་ཆུང་བསྐོས་རྗེས་ཚོགས་འདུ་དངོས་གཞི་དབུ་འཛུགས་གནང་།

གཞུང་འབྲེལ་གྲོས་ཆོད་གཉིས་འཇོག་པ་གནང་།

གཞུང་འབྲེལ་གྲོས་ཆོད་དང་པོ།

བོད་མིིའི་བླ་ན་མ་མཆིས་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་རྒྱབ་སྐྱོར་ཚད་མཐོ་པོའི་ཐོག་ནས་ལོན།

གཞུང་འབྲེལ་གྲོས་ཆོད་གཉིས་པ།

ས་གནས་ཚོགས་ཆུང་མི་འབོར་ཆེ་གྲས་རྣམས་ལ་འཐུས་མི་གཉིས་རེ་འདེམས་བསྐོ་གནང་དགོས་པའི་གྲོས་ཆོད་གྲོས་འཆར་ལ་བགྲོ་གླེང་རིམ་པས་གནང་མཐར་མོས་མཐུན་མེད་པ་ ༡༦ མོས་མཐུན་ཡོད་པ་ ༦ བར་ཞུགས་ ༢
བཅས་ཀྱི་ཐོག་རྒྱབ་སྐྱོར་མི་ཐོབ་པར་ལུས།

གསར་འགོད་པ་ཝང་དཀར་ཚེ་རིང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 7 སྡོམས་རོགས།