སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་༸རྒྱལ་བའི་སྐུ་བརྙན་འབུལ་ལམ་ཞུས།

བར་ལམ་དབུས་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ ནས་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༣༠ བར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོར་བཀའ་དྲིན་རྗེས་དྲན་གྱི་ལོ་ཞེས་སྲུང་བརྩི་ཞུ་མུས་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་སྐབས་ ༡༧ པའི་མང་མོས་ཐག་གཅོད་ལྟར། ༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ནས་དགུང་ལོ་བཅུ་དྲུག་ནས་ཉག་ཕྲ་བའི་བོད་ཀྱི་ཆོས་སྲིད་མཛད་འགན་རླབས་པོ་ཆེ་ཐུགས་བསྐྱེད་དམ་བཅའ་བརྟན་པོའི་སྐྱབས་འོག་ཏུ་བཞེས་པ་ནས་ད་ལྟའི་བར། བོད་དོན་སྤྱི་དང་འཛམ་གླིང་ཞི་བདེ། འགྲོ་བ་མིའི་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ། བཟོད་སྲན། ཆོག་ཤེས་སོགས་འགྲོ་བ་མིའི་བཟང་པོའི་རིན་ཐང་གོང་འཕེལ་དང་། འཛམ་གླིང་ཆོས་ལུགས་འདྲ་མིན་ཕན་ཚུན་གུས་བརྩི་དང་འཆམ་མཐུན། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་གསོར་ཆུད། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐུགས་བསྐྱེད་དམ་བཅའ་བཞི་ཡིས་མཚོན་པའི་མཛད་འགན་རླབས་པོ་ཆེའི་བྱིན་རླབས་ཁམས་གསུམ་འགྲོ་བ་ཡོངས་ཀྱི་གསོས་སུ་སྨིན་བཞིན་པ། དེ་ལྟར་བོད་མི་ཞི་བྱེས་ཡོངས་ཀྱི་འདི་ཕྱིའི་ལམ་སྟོན་པ་གོང་ན་མ་མཆིས་པར་བཀའ་དྲིན་རྗེས་དྲན་ལས་འཆར་ཞུ་ཆེད་དུ། ད་ལོའི་༧རྒྱལ་བའི་འཁྲུངས་སྐར་ཉིན་དང་སྟབས་བསྟུན་གྱིས་ཟངས་ལས་གྲུབ་པའི་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་གསེར་ཁྲིར་བཞུགས་སུ་གསོལ་བའི་སྐུ་བརྙན་སོར་ཚད་ ༣༦ བྱིན་ཅན་ཞིག་ཆེད་བཞེངས་ཞུས་ཏེ་༧གོང་ས་མཆོག་ལ་འབུལ་ལམ་ཞུས་ཤིང་། མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་ཞུས་ཡོད་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 9 སྡོམས་རོགས།