སུད་སི་དང་ལིག་ཏེན་སི་ཊིཡན་ས་གནས་འཐུས་མི་སྐབས་༡༨པའི་དམ་འབུལ་མཛད་སྒོ།

༄༅། བོད་རྒྱལ་ལོ་ ༢༡༤༨ རབ་བྱུང་ ༡༧ ལྕགས་མོ་གླང་གི་ལོ་ཟླ་ ༠༡ ཚེས་ ༢༠། ཕྱི་ལོ་༢༠༢༡ལོ་ཟླ་༣་ཚེས་༠༣རེས་གཟའ་ལྷག་དཀར་དགེ་བའི་ཉིན།སུད་སི་དང་ལིག་ཏེན་སི་ཊིཡན་ས་གནས་འཐུས་མིའི་ཚོགས་འདུ་སྐབས་ ༡༨ པའི་འཐུས་མི་རྣམ་པའི་དམ་འབུལ་མཛད་སྒོ་གནང་གྲུབ་སོང་།

འདེམས་ཐོན་འཐུས་མི་རྣམས་ཛུ་རིག་བོད་རིགས་མི་མང་གི་ཚོགས་ཁང་དུ་རང་ལུགས་བོད་ཆས་བཞེས་སྟེ་ལྷན་འཛོམས་ཐོག་ྋརྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་འཐུས་མི་རྣམ་པར་གསོལ་ཇ་འབྲས་སིལ་འདེགས་འབུལ་རྗེས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པ་མཆོག་གི་དྲུང་ནས་འཐུས་མི་རྣམ་པས་རིམ་བཞིན་དམ་འབུལ་གནང་སོང་།

སྐུ་ཚབ་དོན་གཅོད་དང་ས་གནས་འོས་བསྡུའི་འགན་འཛིན་གཅིག་ལྕོགས་འཆི་མེད་རིག་འཛིན་ནས་འཚམས་ཞུའི་གཏམ་བཤད་གནང་བའི་ནང་འཐུས་མི་བརྒྱ་ཆ༣༣བུད་མེད་འདེམས་ཐོན་བྱུང་ཡོད་པ་ནི་ད་ལྟ་བར་བྱུང་མྱོང་མེད་པ་ཞིག་ཆགས་ཡོད་ཚུལ་དང་འཐུས་མི་རྣམས་ཀྱིས་༧གོང་ས་མཆོག་དང་དབུས་བོད་མི་སྒྲིག་འཛུགས་ཀྱི་སྲིད་ཇུས་དབུ་མའི་ལམ་ལ་ཡིད་ཆེས་བརྟན་པོ་ཡོད་པའི་ཐོག་ནས་ཕྱག་ལས་གནང་དགོས་ཚུལ་དང་།
འཐུས་མི་རྣམས་སུད་སི་དང་ལིག་ཏེན་སི་ཊིཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་འཐུས་མི་ཡིན་པ་མཁྱེན་དགོས།

སྐུ་ཚབ་དོན་གཅོད་དང་ས་གནས་འོས་བསྡུའི་འགན་འཛིན་གཅིག་ལྕོགས་འཆི་མེད་རིག་འཛིན་ནས་མུ་མཐུད་དུ་གསུངས་དོན། སུད་སུ་ནང་ Swiss Tibet culture exchange ཞེས་བའི་ཚོགས་པ་ཞིག་ཡོད་པ་དེ་རྒྱ་ནག་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཁང་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང་སུད་སུ་ནང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་ལས་འགུལ་ཡང་སྤེལ་ཡོད་པས་དེའི་ཐད་ལ་དོག་ཟོན་བྱ་དགོས་ཚུལ་གསུངས་གནང་སོང་།

ཉིན་གུང་རྒྱབ་སུད་སི་དང་ལིག་ཏེན་སི་ཊིཡན་ས་གནས་འཐུས་མི་་སྐབས་༡༨པའི་ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐོན་བྱུང་སོང་། འདེམས་ཐོན་བྱུང་བའི་ཚོགས་གཙོ་གསར་པ་་ནི་ཀརྨ་ཆོས་སྐྱིད་ལགས་རེད་འདུག ཚོགས་གཞོན་ནི་བསྟན་འཛིན་དབང་འདུས་ལགས་རེད་འདུག
དེའི་རྗེས་གསར་དུ་འདེམས་ཐོན་བྱུང་བའི་ཚོགས་གཙོ་གཞོན་གཉིས་ཀྱིས་ས་གནས་འཕྲལ་སེལ་ཁྲིམས་ཞིབ་པ་མཆོག་གི་དྲུང་ནས་དམ་འབུལ་གནང་རྗེས་འཚམས་ཞུ་མཇལ་དར་འབུལ་གནང་།

འདེམས་ཐོན་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ནས་ངོ་སྤྲོད་གསུངས་བཤད་སྙིང་བསྡུས་རེ་གནང་་དོན་ད་རེས་ང་ཚོའི་འཐུས་མི་ནང་སུམ་ཆ་གཅིག་བུད་མེད་ཡིན་པ་འདི་ང་ཚོ་བུད་མེད་རྣམས་ཀྱི་གཟི་བརྗིད་རེད། ང་ནི་ཁ་རུ་ཁ་ཐུག་ཡིན།རྩ་དོན་གྱི་ཆེད་དུ་ག་རེ་ཡིན་ན་ཧུར་བརྩོན་བྱེད་ངེས་ཡིན། ཐེངས་འདིའི་འཐུས་མི་ཁྲོད་མང་ཆེ་བ་དགུང་ལོ་༤༠མན་ཡིན་པ་གཟི་བརྗིད་རེད།
དེ་ནས་ཚོགས་གཞོན་བསྟན་འཛིན་དབང་འདུས་ལགས་ཀྱིས་གསུངས་དོན་ང་ཚོ་ཚང་མ་འཆམས་མཐུན་དང་བསམ་ཤེས་ཆིག་སྒྲིལ་བྱས་ན་བྱ་བ་ག་རེ་ཡིན་ནཡང་འགྲུབ་སླ་གི་རེད། ང་ཚོས་ནང་མི་གཅིག་གི་སྤུན་མཆེད་ལྟར་མཉམ་དུ་རྩ་དོན་ལ་ཧུར་ཐག་བྱ་ཆོག་སོགས་གསུངས་སོང་།

དེའི་རྗེས་སུ་ཚོགས་གཙོ་གཞོན་་རྣམས་གཉིས་ནས་སྐབས་༡༨པའི་འཐུས་མི་རྣམས་ལ་་འཚམས་འདྲིའི་བཀའ ་སློབ་གནང་བ་དང་འཐུས་མིའི་གལ་ཆེའི་རང་བཞིན། འདས་པའི་མཉམ་མྱོང་། འཐུས་མི་གསར་པ་རྣམས་ལ་རྒྱབ་སྐྱོར་ག་རེ་དགོ་ན་བྱ་ངེས་ཡིན་སོགས་གསུངས་སོང་།

མཐའ་མ་དེར་ས་གནས་འོས་བསྡུའི་འགན་འཛིན་དོན་གཅོད་སྐུ་ངོ་གཅིག་ལྕོག་འཆི་མེད་རིག་འཛིན་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུངས་བཤད་་དང་སྦྲགས་དམ་འབུལ་མཛད་སྒོ་རྟེན་འབྲེལ་ལུགས་མཐུན་ངང་གྲོལ་སོང་།

གསར་འགོད་པ་དབང་གྲགས་ཀྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 9 སྡོམས་རོགས།