སུད་སི་དང་།ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་གྲོས་ཚོགས་སྐོང་འཚོག་གནང་བ།

༢༠༡༦ཕྱི་ཟླ་༨ཚེས་༢༠རེས་གཟའ་སྤེན་པའི་ཞོགས་པ་སུད་སི་དང་།ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་སྐབས་༡༦པའི་ལོ་རིམ་གཉིས་པ་འཐུས་ཚོགས་སམ་གྲོས་ཚོགས་ཐེངས་དང་པོ་ར་པརསི་ཝིལ་ཡོ་ནའི་མགྲོན་ཁང་ཁུརོཡི་ཚི་ནང་སྐོང་འཚོག་གནང་བ།

ཉིན་དེར་ས་གནས་འཐུས་མི་༢༡ཚོགས་ཞུགས་གནང་བ་དང་དགོངས་ཞུ་༤བཅས།ཚོུད་༡༠/༡༥ཐོག་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་སྐབས་བཅུ་དྲུག་པའི་ས་གནས་འཐུས་ཚོགས་ཀྱི་ལོ་རིམ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་དབུ་འཛུགས་གནང་སོང་ལ།ཚང་མ་སྐུ་བཞེངས་གནང་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་གུས་བཏུད་མྱ་ངན་སྐར་མ་གཅིག་བཅས་ཞུས།ཚོགས་གཙོས་གུས་བསུ་དང་བཅས་ཚོགས་འདུ་དབུ་འཛུགས་གནང་ཞིང་།ལས་རིམ་བྱེད་སྒོའི་སྐོར་གསལ་བཤད་གནང་།བོད་དྲུང་དཔལ་ཁང་དཔལ་ལྡན་ལགས་ནས་ས་གནས་འཐུས་མི་༤ཙམ་དགོངས་ཞུ་བྱུང་བ་གསལ་བསྒྲགས་དང་འབྲེལ་འཐུས་ཚོགས་ཀྱི་གྲུབ་བྱ་གསུམ་ཆ་གཉིས་ཡན་ཟིན་ཡོད་པའི་གསལ་བསྒྲགས་ཞུས།དེ་ནས་ཚོགས་གཙོ་མཆོག་གིས་ཚོགས་འདུའི་འགྲོ་ལུགས་བཞིན་ཚང་མས་ཐུགས་སྣང་གང་ཟབ་གནང་དགོས་པའི་འབོད་བསྐུལ་གནང་བསྟུན།ཚོགས་གཙོའི་ལས་ཚབ་ཏུ་ས་འཐུས་བསྟན་འཛིན་ཚེ་རིང་ལགས་དང་ས་འཐུས་ཀླུ་རྒྱལ་དོན་གྲུབ་ལགས་གཉིས་ངོ་སྤྲོད་གནང་བར་སྤྱི་མོས་ཀྱི་མོས་མཐུན་ཞུས།ལས་རིམ་ཚོགས་ཆུང་ནང་ཚོགས་གཞོན་བླ་རྙིང་པདྨ་ལགས།དཔལ་ཁང་དཔལ་ལྡན་ལགས།བསྟན་རྒྱས་ལགས།སྐལ་བཟང་འཕྲིན་ལས་ལགས་བཅས་བསྐོ་གཞག་གནང་བར་སྤྱི་མོས་ཀྱིས་ངོས་ལེན་ཞུས།

ཡིག་ཆ།༡༽སྤྱི་ནོར་༧གོང་ས་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་༧རྒྱལ་བའི་བཀྲིན་རྗེས་དྲན་གྲོས་འཆར་གྲོས་ཆོད་འདོན་མི་མི་མང་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས་དང་རྒྱབ་སྐྱོར་ཞུ་མི་ས་འཐུས་བསམ་གཏན་བཀྲིས་ལགས་རྣམ་གཉིས་གནང་བར་སྤྱི་མོས་ཀྱི་གྲོས་ཆོད།

ཡིག་ཆ།༢༽གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་གྲོས་ཆོད་འདོན་མི་ས་འཐུས་འཆི་མེད་རྡོ་རྗེ་ལགས་དང་རྒྱབ་སྐྱོར་ཞུ་མི་ས་འཐུས་བསྟན་རྒྱས་ཚེ་རིང་ལགས་གཉིས་སྤྱི་མོས་གྲོས་ཆོད།

ཡིག་ཆ།༣༽ཚོགས་ཆུང་ཁག་སྤྱི་ལ་ཁྱབ་པའི་སྒྲིག་གཞི་གསར་སྣོན་གྱི་གྲོས་འཆར་གྲོས་ཆོད།གྲོས་འཆར་འདོན་མི་ས་འཐུས་བོད་དྲུང་དཔལ་ཁང་དཔལ་ལྡན་ལགས་དང་།རྒྱབ་སྐྱོར་ཞུ་མི་ས་འཐུས་ཀརྨ་འཕྲིན་ལས་ལགས་ནས་གནང་བར་རྒྱབ་སྐྱོར་༡༨བར་ཞུགས་༢དགག་བྱ་༡བཅས།

ཡིག་ཆ།༤༽སྒྲིག་གཞི་བསྐྱར་བཅོས་ཀྱི་གྲོས་གཞི་གྲོས་འཆར།འདོན་མི་ས་འཐུས་གདུགས་རྩ་ཚང་བསྟན་འཛིན་འོད་ཟེར་ལགས་དང་རྒྱབ་སྐྱོར་ཞུ་མི་ས་འཐུས་འཆི་མེད་རྡོ་རྗེ་ལགས་གནང་བར་རྒྱབ་སྐྱོར་༢༠དང་བར་ཞུགས་༡བཅས།

ཡིག་ཆ།༥༽གཅིག་བསྒྱུར་གྱི་ལས་དམ་དང་ལས་ཤོག་སྐོར་གྱི་གྲོས་གཞི་གྲོས་འཆར།འདོན་མི་ས་འཐུས་ཤོག་ཁ་སྐལ་བཟང་འཕྲིན་ལས་ལགས་དང་རྒྱབ་སྐྱོར་ཞུ་མི་འགར་གནས་བདེ་སྐྱིད་དབྱངས་འཛོམས་ལགས་གཉིས་རྒྱབ་སྐྱོར་ཞུ་མི་༢༠བར་ཞུགས་༡བཅས།

ཡིག་ཆ།༦༽སྤྱི་ཁང་ངམ་རིག་གཞུང་བསྟི་གནས་ཁང་།གྲོས་གཞི་གྲོས་འཆར་འདོན་མི་ས་འཐུས་བཀྲ་ཡོང་བསྟན་རྒྱས་ཚེ་རིང་ལགས་དང་རྒྱབ་སྐྱོར་ཞུ་མི་ཤོག་ཁ་སྐལ་བཟང་འཕྲིན་ལས་ལགས་གཉིས་རྒྱབ་སྐྱོར་ཞུ་མི་༡༦དང་བར་ཞུགས་༣དགག་བྱ་༡བཅས་མ་ཟད།མི་གྲངས་བདུན་ལས་གྲུབ་པའི་ལས་དོན་ཚོགས་ཆུང་ཞིག་མང་མོས་འོས་འདེམས་གནང་སོང་།

ཡིག་ཆ་ཁག་གི་དག་ཆ་དང་བརྗོད་གཞི་གསལ་ཁ་ཞུ་རྒྱུ་སོགས་དོན་གནད་ཁ་ཤས་བྱུང་སོང་བ་ས་འཐུས་བོད་དྲུང་དཔལ་ཁང་དཔལ་ལྡན་ལགས་ནས་གནང་ཐོགཚོགས་གཙོར་འབུལ་རྒྱུ་བཅས་ཀྱི་གྲོས་ཆོད་དང་།ཐེངས་འདིའི་ས་གནས་འཐུས་ཚོགས་སམ་གྲོས་ཚོགས་བཀྲིས་ལེ་འགྲིག་ངང་མཇུག་བསྡོམས་དང་བཅས་ཚོགས་གཙོས་ཚང་མར་ལོ་དུས་གཉིས་པའི་གྲོས་ཚོགས་དང་པོ་ཚགས་འཚུད་ངང་འགྲོ་ཐུབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མ་འོངས་པར་ཡང་ཚང་མས་དེ་ལྟར་གནང་ཐབས་ཡོང་བ་བཅས་ཞུས་ནས་ཉིན་གུང་གསོལ་ཚིགས་བར་གསེང་གནང་སོང་བའི་ཚིག་ཐོ་སྙིང་བསྡུས་སུ།སྒོ་སྤེ་ཡོན་ཏན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 2 སྡོམས་རོགས།