སུད་སི་ཇི་ནི་ཝར་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་མདུན་ཐང་དུ་ལས་འགུལ།

༄༅། །སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་འདི་ག་སུད་སི་ཇི་ནི་ཝར་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་མདུན་ཐང་༼Broken Chair༽ཞེས་པའི་ནང་བོད་དོན་གདུང་འབོད་ཅེས་པའི་བརྗོད་ཚིག་གི་ལས་འགུལ་རེབ་ཐེངས་གསུམ་པ་

བ་དེ་རྒྱ་མི་ཆུང་བ་ཞིག་སྤེལ་ཡོད། ལས་འགུལ་འདིའི་དུས་ཚེས་ནི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཞིག་ལོ་ལྟར་འགོ་འཛུགས་ཀྱི་ཉིན་མོ་དང་སྟབས་བསྟུན་ཏེ་གོ་སྒྲིག་གནང་ཡོད། དེ་ཡང་འདས་པའི་ལོ་དུས་གཉིས་ཀྱི་ནང་ཞི་བའི་གོམ་འགྲོས་ཚར་རེ་དུས་ཚེས་འདི་དང་བསྟུནཏེ་ལས་འགུལ་བརྩམས་ཡོད། ད་ལན་གྱི་ལས་འགུལ་འདིའི་ནང་བོད་རིགས་སྤུན་ཟླ་ཉི་བརྒྱ་ལྷག་དང་བོད་ཀྱི་གྲོགསཔོ་ཕྱི་རྒྱལ་མི་རིགས་མི་ཉུང་བ་ཞིག་ཀྱང་མཉམ་བཞུགས་ཀྱིས་མདུང་སེམས་མཉམ་བསྐྱེད་མཛད་ཡོད།
ལྷག་པར་དུ་ཇི་ནི་ཝའི་གྲོས་ཚོགས་ཀྱི་འཐུས་མི་༼Major of Onex Mr. René Longet༽ སྐུ་ཞབས་མཆོག་ནས་བོད་དོན་ཆེད་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་གསུང་བཤད་གནང་ཡོད་པ་མ་ཟད་རྒྱ་གར་གྱི་གླིང་པུ་མཁན་ཞིག་དང་ལྷན་དུ་གནམ་གླིང་བློ་བརྟན་གྱི་ཆེད་འབོད་ཞུས་པའི་ཕྱི་རྒྱལ་རོལ་དབྱངས་པ་རེ་ཟུང་བཅས་ནས་རོལ་མོའི་རྒྱུ་རྩལ་གྱི་ལམ་ནསབོད་དོན་ཆེས་གདུང་སེམས་ཀྱི་རྣམ་བསྒྱུར་གཟིགས་འབུལ་ཞུས་ཡོད།

དེའི་སྐབས་ཡུ་རོབ་སྤྱི་འཐུས་བསོད་ནམས་ཕར་སྲིད་མཆོག་དང་ས་གནས་ཚོགས་གཙོ་ཀརྨ་ལགས། དེ་བཞིན་དོན་ཁང་སྐུ་ཚབ་བཅས་ནས་གསུང་བཤད་ཀྱི་ལས་རིམ་བསྐྱངས་པའི་རྗེས་ཚོགས་གཞོན་ཀ་རང་སྐལ་བཟང་ལགས་ནས་ཉེ་ཆར་བོད་སྐྱེ་རྒུ་མདོའི་ས་ཡོམ་དང་འབྲེལ་བའི་མི་མང་གི་ཞལ་འདེབས་བསྡུ་རུབ་ཞུས་དང་ཞུ་བཞིན་པའི་ཁྱོན་བསྡོམས་སུད་སྒོར་ཆིག་འབུམ་མ་ཟིམ་ཙམ་འབྱོར་བའི་རེ་བ་ཡོད་ཅེས་གསུངས། དེ་ནས་སྐྱེ་རྒུ་མདོའི་ས་ཡོམ་དང་འབྲེལ་བའི་སྐར་མ་བཅུའི་གློག་བརྙན་ཞིག་༼Youtube༽ནས་ཟུར་བཏོན་བྱས་ཏེ་གཟིགས་འབུལ་ཞུས་པའི་སྐབས་མི་མང་རྣམས་བཅོས་མིན་གྱིས་སེམས་འགུལ་ཐེབས་པའི་འོག་རང་དབང་མེད་པར་སྤྱན་ཆབ་ལྷུང་ཡོད།

དེ་རྗེས་རི་ཀོན་ཆོས་འཁོར་དགོན་གྱི་དགེ་བཤེས་དགེ་འདུན་རྣམ་པས་དབུ་འཁྲིད་པའི་འོག་མི་མང་རྣམས་ནས་བོད་སྐྱེ་རྒུ་མདོའི་ས་ཡོམ་གྱིས་གོད་ཆག་ནང་འདས་གྲོངཕྱིན་པའི་སྐྱེ་འགྲོ་རྣམས་ཀྱི་བདུན་ཚིགས་བདུན་པའི་སྨོན་ལམ་ལེགས་འགྲུབ་བསྐྱངས་ཡོད། མཐར་བོད་ཀྱི་རྒྱལ་གླུ་འགྲེན་ཏེ་ལས་འགུལ་གྱི་ངོ་བོ་མཇུག་མཚམས་བསྒྲིལ་ཡོད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 8 སྡོམས་རོགས།