སུད་སི་གྲོང་འཁྱེར་ཛུས་རིག་ཏུ་རྔམ་སྟོན་ཁྲོམ་སྐོར་གོ་སྒྲིག་བྱས་པ།

དེ་ཡང་ཕྱི་ཟླ་  ༨ པའི་ཟླ་རེའི་འཐུས་ཚོགས་ཀྱི་ཚོགས་འདུའི་གྲོས་ཆོད་གཞིར་བཟུང་བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ནས་བོད་ཀྱི་རང་དབང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་ཐུབ་ཐབས་བཅས་རང་ལུས་ཞུགས་འབུལ་གནང་བའི་དོན་རྐྱེན་བྱུང་འཕྲལ་ས་གནས་སྐོར་སྲུང་བར་བཀའ་འཕྲོལ་ཞུས་འཐོབ་བྱུང་བསྟུན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་གསལ་བ་ལྟར།  ཉེ་བར་ཕྱི་ཟླ་  ༩  ཚེས་  ༢༩  ཉིན་སྐྱེ་རྒུ་མདོར་རྒྱལ་གཅེས་དཔའ་བོ་གཡུང་དྲུང་ལགས་དང།  ཕྱི་ཟླ་  ༡༠  ཚེས་  ༤  ཉིན་རྒྱལ་གཅེས་དཔའ་བོ་ནག་ཆུར་དགུ་གྲུབ་ལགས་བཅས་ཀྱིས་བོད་ནང་རང་དབང་གང་ཡང་མེད་པ།  རྒྱ་གཞུང་གི་དྲག་གནོན་འཚབ་ཆེན་བྱེད་པ་བཅས་ལ་སོང་རིམ་བཞིན་སྐུ་ལུས་མེ་སྲེག་གནང་བར་རྗེས་དྲན་དང་ཁོང་རྣམ་གཉིས་སོགས་ད་ཕན་རང་གི་གཅེས་པར་འཛིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ལྔ་བཅུ་བརྒལ་བའི་རང་ལུས་མེར་བསྲེགྶ་གནང་ཡོད་པ་བཅས་ཀྱིས་ཞལ་འཆེམ་རེ་བསྐུལ་རྣམས་རྒྱ་ནག་དམར་གཞུང་ལ་འབོད་བསྐུལ་དང་འཛམ་གླིང་སྲིད་གཞུང་སོགས་མི་མང་ཡོངས་ལ་བརྒྱུད་བསྒྲགས་ཞུ་ཐབས་བཅས་ཆེད་ཕྱི་ཚེས  ༥ རེས་གཟའ་པ་སངས་དགོང་དྲོ་ཛུས་རིག་མེ་འཁོར་བབས་ཚུགས་ཀྱི་ཉེ་འགྲམ་སུད་སི་དང་།  ལེཀ་ཏེན་སིཊཡན་བོད་རིགས་མི་མང་འཐུས་ཚོགས་ཀྱིས་གོ་བསྒྲིགས་བཅས་མི་གྲངས་བཞི་བརྒྱ་ལྷག་ཙམ་འདུ་འཛོམས་བྱུང་ཡོད་པ་མ་ཟད།  དེའི་ནང་ན་གཞོན་བརྒྱ་ཆ་དགུ་བཅུ་བརྒལ་བ་ཕེབས་ཞུགས་གནང་འདུག་པ་ནི་དགའ་རྒུ་ཡི་རངས་ཞུ་འོས་སུ་གྱུར།  སྒོ་སྤེ་ཡོན་ཏན་གྱིས།

༡ ནག་ཆུ་ས་ཁུལ་དུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།

༢ སྐྱེ་རྒུ་མདོའི་གཡུང་དྲུང་ལགས་ཀྱིས་བོད་ལ་རང་དབང་དགོས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་འབོད་སྒྲ་སྒྲོགས་བཞིན་རང་ལུས་མེར་སྲེག་བཏང་བ།

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 4 སྡོམས་རོགས།