སུད་སི་གྲོང་ཁྱེར་སྦ་སལ་དུ་ཚོགས་འདུ་དང་བོད་དོན་ཐོག་བགྲོ་གླེང་ཉིན་གསུམ་རིང་གནང་སོང་།

༢༠༡༣ ཟླ ༩ ཚེས་  ༢༧/༢༨/༢༩/  ཉིན་གསུམ་རིང་ཡོ་རོབ་བོད་དོན་རྒྱབ་སྐྱོར་ཚོགས་པ་སུད་བོད་མཐུན་གྲོགས་ཚོགས་པ་སོགས་རྒྱལ་ཁབ་ཁག་མོང་པོ་ནས་མཉམ་རུབ་ཐོག་སུད་སི་གྲོང་ཁྱེར་སྦ་སལ་དུ་ཚོགས་འདུ་དང་བོད་དོན་ཐོག་བགྲོ་གླེང་ཉིན་གསུམ་རིང་གནང་སོང་།   གོ་སྐབས་དེ་དང་འབྲེལ་ས་གནས་མི་མང་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༢༠༠ ལྷག་མཉམ་ཞུགས་ཀྱིས་སྐད་རིགས་མི་འདྲ་བ་བཞིའི་ཐོགས་བོད་དོན་ངོ་སྤྲོད་མ་འོང་ལས་འགུལ་སྤེལ་བ་དང་བོད་དོན་ངོ་སྤྲོད་བྱས་པ་མ་ཚད། ༸གོང་ས་མཆོག་གིས་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལམ་ལྷོང་ཡོང་བ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མཆོད་མེ་འབུལ་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མྱ་ངན་གུས་འདུད་དང་བཅས་ཞུས། རི་ཀོན་དགོན་པའི་དགེ་འདུན་གཉིས་དང་རྒྱལ་གར་དགའ་ལྡན་དགོན་པའི་ཚོགས་ཆུང་དབུ་མཛད་དབུ་བཞུགས་ཐོག་མཆོད་འབུལ་སྨོན་ལམ་དང་བོད་དོན་དྲིལ་བསྒྲགས་ཡིག་ཆ་འགྲེམས་ཀྱིས་ལས་འགུལ་ཡག་པོ་སྤེལ་ཐུབ་པ་བྱུང་སོང་། སུད་སི་སྐུ་ཚབ་དོན་གཅོད་ནས་བཀའ་གནང་བ་བཞིན་ས་གནས་སྦ་སལ་བོད་རིགས་ཚོགས་ཆུང་ནས་ཚེས་ ༢༨ ཉིན་ཚོགས་ཞུགས་པ་ཡོངས་ལ་དགོང་དྲོ་ཞལ་ལག་དང་མཆོད་ཆང།  ཆབ་མངར་སོགས་གོ་བསྒྲིགས་ཞུས་ཡིན། །སྦ་སལ་འཐུས་མི་མགོན་པོ་རྡོ་རྗེ་ཚང་ཟླ་བ་ནས།  ༢༠༡༣/༠༩/༣༠ ཉིན་འཚམས་འདྲི་བཅས། །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 3 སྡོམས་རོགས།