སུད་སི་གྲོང་ཁྱེར་འཛུ་རིག་ཏུ་བོད་མི་ ༥༠༠ ལྷག་ནས་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་ཞི་རྒོལ་གནང་པ།

བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་སུད་སི་གྲོང་ཁྱེར་འཛུ་རིག་ཏུ་བོད་མི་ ༥༠༠ ལྷག་སྐོར་ནས་བོད་ནང་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ཀྱི་གདུག་རྩུབ་འོག་བོད་མི་མང་པོ་དམར་གསོད་དང་རྨས་སྐྱོན། དེ་བཞིན་བཙོན་འཇུག་ཁྲིམས་ཆད་ཀྱི་མནར་གཅོད་ཉིན་རེ་ནས་ཉིན་རེར་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར་སུད་སི་གནས་བཞུགས་བོད་མི་རྣམ་པས་གདུང་སེམས་མཉམ་བསྐྱེད་ཀྱི་སུད་སི་གྲོང་ཁྱེར་འཛུ་རིག་ནང་གོམ་འགྲོས་གནང་པ་དང་རྒྱ་དམར་གྱི་གཞུང་ཚབ་མདུན་ཞི་རྒོལ་རྒྱ་ཆེ་གནང་ནས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་བླ་དགེ་འདུན་རྣམ་པས་དབུས་མང་ཚོགས་ནས་ངག་བཅད་གནང་པ་དང་བདེན་ཚིག་སྨོན་ལམ་བཅས་གསུང་གནང་ཡོད་པ་རེད། འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 8 སྡོམས་རོགས།