སུད་སི་གྲོང་ཁྱེར་འཇི་ནིའི་ཝར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ཞི་རྒོལ་གནང་པ།

ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་འཇི་ན་ཝར་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་དང་ སུད་བོད་མཐུན་གྲོགས་ཚོགས་པ་སུད་སི་བོད་ཀྱི་བུ་མེད་ཚོགས་པ་ ཡུ་རོབ་གཞོན་ནུའི་མཐུན་ཚོགས་བཅས་ནས་གོ་སྒྲིག་ཞུས་པས་འདི་ལོའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ཞི་རྒོལ་རྒྱ་ཆེ་གནང་ཡོད་པ་རེད། ཞི་རྒོལ་དུ་མི་མང་ ༥༠༠ ལྷག་མཉམ་འཛོམ་གནང་པ་དང་ རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་སྐར་གཅིག་མྱ་ངན་ཞུས་པ་དང་། མཛད་གཙོ་རྣམས་ནས་གསུང་བཤད་ཁག་གནང་། ཡོ་རོབ་གཞོན་ནུའི་མཐུན་ཚོགས་ནས་རང་ལུས་མཆོད་མེར་སྒྲོན་པས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཁག་གི་མཚོན་པའི་འཁྲབ་སྟོན་གནང་། རི་ཀོན་ཆོས་འཁོར་མགོན་གྱི་མཁན་རིན་པོ་ཆེ་མཆོག་དང་དགེ་འདུན་རྣམ་པས་དབུས་མང་ཚོགས་ནས་ཞལ་གདོན་གནང་པས་རྗེས་མང་ཚོགས་ནས་སྐད་འབོད་གནང་ཡོད་པ་རེད།མཐར་བསང་གསོལ་དང་རྒྱལ་གླུ་བཅས་གསུང་ནས་མཛད་རིམ་ཕྱག་ཚོད་ ༡༦།༠༠ ཐོག་ལེགས་སྒྲུབ་ཟིན་ཡོད་པ་རེད། འདྲ་པར་་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 3 སྡོམས་རོགས།