སུད་སི་གྲོང་ཁྱེར་ཛོའི་རིག་ནང་གདུང་སེམས་མཉམ་བསྐྱེད་ལས་འགུལ་རྒྱ་ཆེ་ཞིག་སྤེལ་བ།

སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༤ ཚེས་ ༥ ཉིན་སུད་སི་གནས་སྡོད་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ངོས་ནས་སུད་སི་གྲོང་ཁྱེར་ཛོའི་རིག་ནང་མི་མང་བརྒྱ་ཕྲག་ཁ་ཤས་མཉམ་ཞུགས་ཐོག་རྒྱ་གཞུང་གི་གཏིང་ནག་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་ཅིག་གོ་སྒྲིག་ཞུས་ཡོད། དེ་རིང་ཚུ་ཚོད་༣་ཐོག་གྲོང་ཁྱེར་ཛོའི་རིག་མེ་འཁོར་འབབ་ཚིགས་ཀྱི་ཉེ་འགྲམ་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བར་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་འཁྲིག་ཆ་དོད་པ་ཞིག་བྱས་ཡོད་ལ། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཞོན་མཁར་འཕགས་་ལགས་་ཀྱི་ལས་འགུལ་དབུ་འཛུགས་གཏམ་བཤད་དང་བསྒྲགས། ཐེངས་འདིའི་ལས་འགུལ་འདི་ནི་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོས་རང་སྲོང་བློས་གཏོང་གིས་བོད་ཀྱི་འཐབ་རྩོད་ཆེད་སྐུ་ངལ་སྐྱོན་བཞིན་པའི་ཛ་དྲག་གི་གནས་བབ་སྤྱི་དང་། ལྷག་དོན་བཙན་བྱོལ་སྤྱི་ཚོགས་ནང་ཉེ་ལམ་རྒྱ་ནག་གི་སྲིད་འཛིན་རྒྱ་གར་དུ་སླེབས་སྐབས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ལུས་མཆོད་མེར་ཕུལ་བ་དང། ད་ལྟ་ལས་འགུལ་འགྲོ་དང་འགྲོ་བཞིན་པའི་གླིང་ཚ་ཚེ་བརྟན་རྡོར་རྗེ་མ་བུ་གསུམ་གྱིས་ཞི་བའི་གོམ་བསྒྲོད་གནང་བཞིན་པའི་རྒྱལ་གཅེས་སྙིང་སྟོབས་ལ་རྒྱབ་ལངས་དང་གདུང་སེམས་མཉམ་བསྐྱེད་བྱ་ཆེད་དམིགས་སུ་བཀར་ནས་སྤེལ་བ་ཞིག་ཡིོན། ཞེས་གསུངས་བྱུང་། དེ་བཞིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་ནང་། “ད་ལྟའི་བོད་ནང་གི་གནས་བབ་ཛ་དྲག་གི་རང་བཞིན་མི་ཚང་མས་མཁྱེན་གསལ་ལྟར། སྐུ་ལུས་མཆོད་མེར་ཕུལ་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་ང་ཚོར་བཞག་པའི་ཞལ་ཆེམས་ཀྱི་འབོད་ཚིག་ནི་གཅིག་གྱུར་ཡིན། དེ་གང་ཡིན་ཟེར་ན། བོད་ནང་རང་དབང་་དང་དམངས་གཙོ། ༧གོང་ས་མཆོག་བོད་དུ་ཕྱིར་གདན་འདྲེན་བྱེད་དགོས་པ། བོད་མི་ཡོངས་རྫོགས་རྡོ་རྩ་གཅིག་སྒྲིལ་བྱ་དགོས་ཞེས་པ་འདི་ཡིན། བོད་ཕྱི་ལོག་ལ་ཡོད་པའི་བོད་པ་མི་སུ་ཞིག་ཡིན་ནའང་ཞལ་ཆེམས་དེ་ཉིད་འཛམས་གླིང་མི་མང་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་གོ་བརྡ་སྤྲོད་རྒྱུ་དེ་ནི་ང་ཚོའི་ལས་འགན་ཆགས་ཡོད། དེ་བས་ང་ཚོས་ངོ་རྒོལ་སྐད་འབོད་སོགས་གོ་སྒྲིག་བྱེད་དང་བྱེད་བཞིན་པ་ཡིན། འོན་ཀྱང་སྐད་འབོད་གཅིག་པུས་ང་ཚོའི་རྩ་དོན་སྒྲུབ་ཐུབ་ཡ་དང་འཐབ་རྩོད་ལེགས་གྲུབ་ཡོང་གི་རེད་དམ་ཟེར་ན། སྐད་འབོད་གཅིག་པུས་ང་ཚོའི་འཐབ་རྩོད་ལ་རྒྱལ་ཁ་སྤྲོད་རྒྱུ་ཁག་པོ་ཆགས་ཡོད་པ་རེད། དེ་དང་མཉམ་དུ་ང་ཚོས་རྡོ་རྩ་གཅིག་སྒྲིལ་གྱི་སྟོབས་ཤུགས་ཤིག་ངེས་པར་དགོས་ཀྱི་ཡོད་པ་རེད་ལ། ལྷག་པར་དུ་གཞུང་མང་གཉིས་རྡོག་རྩ་གཅིག་སྒྲིལ་བྱ་དགོས་པ་ནི་གལ་ཆེན་ནང་གི་དོན་ཆེན་དེ་ཡིན་པ་རེད། རྒྱ་གཞུང་གི་རེ་བ་ལ་དབུས་བོད་མིའི་སྒྲིག་འཛུགས་འདི་ཉིད་འཐོར་ཚར་བ་ན་བོད་དོན་མཇུག་སྒྲིལ་འགྲོ་བའི་བསམ་བློ་གཏོང་གི་ཡོད་པ་རེད་ལ། དུས་དང་རྣམ་པ་ཀུན་ཏུ་སྒྲིག་འཛུགས་འདི་ཉིད་ཁྲིམས་འགལ་དང་ལོག་སྤྱོད་པ་ཡིན་པའི་འགྲེལ་བརྗོད་བྱེད་ཀྱིན་ཡོད་ཅིང་། རབ་ཡིན་ན་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་ལ་གཏོར་ཐུབ་པའི་རེ་ངན་འཆང་གི་ཡོད། དེ་བས་བོད་ཀྱི་འཐབ་རྩོད་ནང་སྒྲིག་འཛུགས་འདི་ནི་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ཆེ་ཤོས་དང་། བོད་ཀྱི་བདེན་མཐའ་སེལ་ཐུབ་མིན་ཀྱི་སྒྲིག་འཛུགས་ལྟེ་བ་དེ་ཡིན་སྟབས། བོད་པ་མི་སུ་འདྲ་ཞིག་ཡིན་ནའང་གཞུང་མང་གཉིས་བར་གྱི་གལ་ཆེའི་གནད་དོན་ལ་བསམ་བློ་ཡག་པོ་བཏང་བའི་ཐོག ཆོལ་ཁའི་འཐེན་ཁྱེར་མེད་པའི་ཐོག་ནས་ང་ཚོ་ཕྱི་ལོག་ལ་ཡོད་པའི་བོད་མི་འདི་ཚོས་ཞབས་འདྲེན་མ་བཞག་པ་ཞིག་དང་། ད་ལྟ་ང་ཚོར་ཡོད་བསྡད་པའི་གཞུང་ཟེར་ན་རེད་དབུས་བོད་མིའི་སྒྲིག་འཛུགས་འདི་ཉིད་ལྷག་བསྡད་པ་ཡིན་ན། བོད་ནང་གི་བོད་མི་དེ་ཚོས་ཕྱི་ལོག་ལ་ཡོད་པའི་བོད་པ་ཚོར་བཅོལ་བའི་རེ་བ་སྟོང་ཟད་དུ་འགྲོ་ས་མ་རེད་སྙམ་པ་ཞིག་དང་། བོད་དོན་རྒྱལ་སྤྱིའི་སྟེང་ནས་བརླག་འགྲོ་ས་མ་རེད་བསམ་པའི་ཡིད་ཆེས་རྙེད་ཡོང་གི་རེད་ལ། ༧གོང་ས་མཆོག་གཙོས་པའི་མི་ཐོག་རྒན་པ་དེ་ཚོས་དཀའ་བ་བརྒྱ་ཕྲག་སྤྱད་ནས་བཙུག་པའི་གཞུང་འདི་ལ་རྒྱབ་སྐྱོར་བྱས་ཏེ་གཞུང་མང་གཉིས་རྡོག་རྩ་གཅིག་སྒྲིལ་བྱ་དགོས་རྒྱུ་ནི་ང་ཚོའི་འཐབ་རྩོད་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། ཞེས་ཟེར། ད་དུང་ཁོང་གིས་མུ་མཐུད་གསུང་དོན། “ད་ལྟའི་བོད་ནང་གི་གནས་་སྟངས་འདི་ལ་ཕྱོགས་གཅིགས་ནས་བལྟས་ན་ཡིད་སྐྱོ་ཞིང་སེམས་ཕམ་དགོས་པ་ཞིག་ཡིན་ཡང་། ཕྱོགས་གཞན་ཞིག་ནས་བལྟས་ན་སེམས་ཤུགས་བསྐྱེད་དགོས་པ་ཞིག་དང་སྙིང་སྟོབས་བསྐྱེད་པ་ཞིག་ཡོང་གི་ཡོད། དེ་ནི་བོད་ནང་དུ་སྐུ་སྲོག་མཆོད་མེར་འབུལ་བཞིན་པ་རྣམས་དང་དཀའ་ལས་རྒྱག་བཞིན་པ་རྣམས་ཀྱི་མང་ཤོས་ཤིག་ནི་བོད་ཀྱི་མི་རབས་གསར་བའི་གྲས་ཡིན་པ་འདིས་ནི་བོད་དོན་རྒྱལ་སྤྱིའི་སྒང་ནས་ཡལ་མི་ཐུབ་པ་ཞིག་དང་། བོད་ཀྱི་མི་རབས་ནས་མི་རབས་བར་བོད་དོན་བློས་བཏང་མི་བྱ་བའི་སྙིང་སྟོབས་རྒྱུན་སྐྱོང་བྱ་ཐུབ་པའི་དཔང་རྟགས་གསལ་བོ་ཞིག་སྟོན་གྱིན་པ་འདི་ཡིན། ཞེས་གསུངས། ལས་འགུལ་འདིར་མཉམ་ཞུགས་གནང་མཁན་གྱི་མི་མང་པོ་ཚོར་ཤུགས་ཆེན་པོས་རྒྱ་ནག་གཞུང་ཚབ་ཁང་གི་ནང་དུ་མཆོངས་གྲབ་བྱས་པ་དང་། མི་ཁ་ཤས་ཚོར་བ་མནོན་མ་ཐུབ་པར་དབུགས་འཚང་བ་དང་རྒྱལ་བ་སོགས་བྱས་པས་སྨན་ཁང་ནང་འཁྲིད་དགོས་པའི་གནས་ཚུལ་ཀྱང་བྱུང་སོང་། ཆུ་ཚོད་༦པའི་ཐོག་བོད་ཀྱི་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་ལས་འགུལ་རྒྱལ་ཁའི་ངང་མཇུག་སྒྲིལ་བྱས་ཡོད། འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 8 སྡོམས་རོགས།