སུད་སི་གཞུང་གིས་རྒྱ་གཞུང་དང་བོད་དོན་བཀའ་མོལ་གནང་རྒྱུ་ཁས་ལེན།

ཟླ་༡ ཚེས་༡༣ ཉིན་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་དང་། སུད་བོད་མཐུན་གྲོགས་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག སུད་སི་གཞུང་གིས་རྒྱ་ནག་གི་སྲིད་འཛིན་སུད་སིར་སླེབས་སྐབས་སུད་སི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྐོར་དང་འབྲེལ་བོད་དོན་གླེང་སློང་གནང་རྒྱུ་ཡིན་སྐོར་ཁས་ལེན་གནང་ཡོད་པའི་ཐད་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་འདུག

གོང་ཚེས་ཉིན་ས་གནས་སྦརན་གྱི་ཨོ་ཊོལ་གསོལ་མགྲོན་ཁང་(Hotel Ador)དུ་སུད་སི་གྲོས་ཚོགས་འཐུས་མི་ལྕམ་མ་ཡ་གྷི་ར་ཧྥི་Frau Maya Graf དང་། མར་ཐེན་ནེ་ཧྥི་Herr Matin Naef  གཞན་ཡུ་རོབ་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། སུད་སི་མི་མང་ཚོགས་གཙོ་སྦྲེལ་བོ། ས་གནས་བུད་མེད་ཚོགས་པའི་སྐུ་ཚབ་ལྕམ་ཕུན་ཚོགས་རྒྱལ་རྟགས་བཅས་དབུ་བཞུགས་ཐོག ཚེས་༡༥ ནས་༡༨ བར་རྒྱ་ནག་གི་སྲིད་འཛིན་སུད་སིར་གཞུང་འབྲེལ་འཚམས་གཟིགས་དང་རྒྱལ་སྤྱིའི་ཚོང་དོན་གླེང་མོལ་ཚོགས་འདུའི་ཆེད་སུད་སིར་སླེབས་ཀྱིན་ཡོད་པ་ལྟར། སུད་སི་གཞུང་གི་ཕྱི་སྲིད་ལས་ཁུངས་ངོས་ནས་བོད་དོན་སྐོར་རྒྱ་གཞུང་དང་གྲོས་མོལ་གནང་རྒྱུ་ཡིན་སྐོར་སུད་སི་མི་མང་སྒྲིགས་འཛུགས་ལ་གསལ་བཤད་གནང་ཟིན་པའི་ཐད་གསར་འགོད་གསལ་བསྒྲགས་ཞིག་སྤེལ་ཡོད་འདུག

དེ་རིང་སུད་སི་དང་ལེག་ཏན་སི་ཊ་ཡན་བོད་རིགས་མི་མང་ཚོགས་གཙོ་བསྟན་འཛིན་བསྟན་འཛིན་སྙིང་པོ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་དེ་དང་འབྲེལ་བའི་སྐོར་ནས་གསལ་བཤད་གནང་དོན། སུད་སི་ཕྱི་སྲིད་ལས་ཁུངས་ངོས་ནས་རྒྱ་ནག་གི་སྲིད་འཛིན་སུད་སིར་སླེབས་སྐབས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་བོད་དོན་གླེང་གནང་རྒྱུ་ཡིན་ཚུལ་ང་ཚོར་གསལ་བཤད་གནང་སོང་བ་དང་། ཚེས་༡༡ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་སུད་སིར་སླེབས་ཟིན་པ་ལྟར་བོད་དོན་སྐོར་ནས་གླེང་སློང་འགོ་བཙུགས་ཟིན་ཡོད་པ་མ་ཟད། སྲིད་འཛིན་ཞེ་ཅིང་ཕིང་དང་རྒྱལ་དོན་གླེང་མོལ་གནང་སྐབས་ཀྱང་དེ་བཞིན་བོད་དོན་གླེང་སློང་གནང་རྒྱུ་ཡིན་སྐོར་ང་ཚོར་ཕྱི་སྲིད་ལས་ཁང་ངོས་ནས་ལན་འབྱོར་ཡོད། དེར་མ་ཟད་ང་ཚོ་སུད་སི་ལེག་ཏན་སི་ཊ་ཡན་བོད་རིགས་མིང་འཐུས་ཚོགས་ཀྱི་ངོས་ནས་བོད་མིའི་མངོན་འདོད་མཁོད་པའི་སྙན་ཞུ་ཞིག་སུད་སི་ཕྱི་སྲིད་ལས་ཁུངས་བརྒྱུད་རྒྱ་ནག་གི་འཛིན་ཞེ་ཅིང་ཕིང་ལ་སྤྲོད་ཐབས་གནང་དགོས་སྐོར་འབོད་སྐུལ་ཞུས་པ་ལྟར། སྙན་ཞུ་དེ་རྒྱ་ནག་གི་སྲིད་འཛིན་རང་དང་། ཡང་ན་དེ་བཞིན་སྲིད་འཛིན་ཀྱི་ཕྱོགས་བསྐྱོད་སྡེ་ཚན་ལ་འབུལ་ཐབས་གནང་རྒྱུ་ཡིན་སྐོར་ཁས་ལེན་གནང་སོང་། ཞེས་སོགས་གསུངས་སོང་།

གསར་འགོད་པ། ཙ་ཡུས་ཕུན་ཚོགས། 


མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 3 སྡོམས་རོགས།