སིང་གྷ་ལེན་ལོ་གསར།

༄༅།།བོད་རྒྱལ་ལོ་༢༡༤༣རབ་གནས་མེ་སྤྲེལ་གནམ་ལོ་གསར་དུ་བཞད་པའི་རྟེན་འབྲེལ་མཛད་སྒོ་དང།   ༸སྐུ་ཕྱའི་ཞབས་རིམ་གསོག་སྒྲུབ་ཞུས་པ།ཕྱི་ཟླ་༢པའི་ཚེས་༢༠ཉིན་གཟའ་སྤེན་པའི་ཉིན་སིང་གྷ་ལེན་ཚོགས་ཆུང་གི་རྒྱུན་ལས་ཐུན་མོང་གི་བཀོད་སྒྲིག་འོག་བོད་མི་༢༠༠ལྷག་འདུ་འཛོམས་ཀྱིས་ས་གནས་ENGELBURG་ནང་ཉིན་གུང་ཆུ་ཚོད་༡༤།༣༠་་ནས་མཛད་རིམ་འགོ་བཙུགས་གནང་བ་དང་རིམ་བཞིན་༧རྒྱལ་བའི་ཞབས་བརྟན་སྒྲུབ་པ།   ཆོལ་གསུམ་མཉམ་དུ་འཛོམས་པའི་ལོ་སར་ལ་ཆོལ་གསུམ་གྱི་གཞས་སྣ་གང་མང་གཟིགས་འབུལ་བྱས་བ་དང་།  དེ་བཞིན་རྩེད་མོ་སྣ་མང་བཀོད་སྒྲིག་གིས་ལོ་གསར་འདི་མི་མང་ཡོངས་སྤྲོ་སྣང་དང་དགའ་སྣང་གིས་ཁེངས་པར་བྱས་བའི་ལོ་གསར་གྱི་ལས་རིམ་དེ་མཚན་གྱི་ཆུ་ཚོད་༢༣སྟེང་་རེ་ཞིག་མཇུག་རྫོགས་པར་བྱས།
གནས་ཚུལ་མཁོ་གཏོང་པ་དབང་གྲགས་ས་གནས་འཐུས་ཚབ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 8 སམས་རགས།